གཙོ་ངོས།>> དམངས་སྲོལ།>>དུར་འཇུག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅།།དུར་སྦས།

     

དུར་སྦས་ནི་གོས་དཀར་པོའི་ནང་དུ་བེམ་པོ་གཅུད་ཅིང་། ཤིང་དང་ཟངས། དངུལ། ལྕགས། སྲོག་ཆགས་ཀྱི་པགས་པ་སོགས་ཀྱིས་བཟོས་པའི་སྒམ་ནང་དུ་བཞག་སྟེ། དུར་རྫོང་ཅ་ལག་དང་མཉམ་དུ་ས་འོག་ཏུ་སྦས་པ་ཞིག་ཡིན།   བོད་མི་རིགས་ཀྱི་དུར་སྦས་གཙོ་བོར་གཤམ་གྱི་གོ་རིམ་འགའ་ཡོད་དེ། ས་འཚོལ་བ་དང་ས་ཁུངས་ཞུ་ལེན། དེའི་དོན་སྙིང་དང་དམིགས་ཡུལ་ནི་སྦྱིན་སྲེག་དང་འདྲ། དུར་སྦས་བྱེད་སྐབས། དྭགས་པོ་བ་རྣམས་ཀྱིས་ཤིང་ལེབ་དྲུག་གི་རོ་སྒམ་བཟོ་བར་མ་ཟད། ཤིང་ལེབ་རེ་རེར་མིང་རེ་ཡང་ཡོད། མཐིལ་དང་ཕྱོགས་གཉིས་ལ་གྱང་ཟེར་ལ། ཁ་ལེབ་དང་སྔ་ཕྱི་གཉིས་ལ་ཕྱི་འཁོར་ཟེར། གཞི་གཅིག་ཏུ་འགྲུབ་ན་རོ་སྒམ་ཡིན། རོ་སྒམ་གྱི་རིགས་ལ་མགོ་དབྱིབས་ཅན་དང་གཉིས་དབྱིབས་ཅན། ཆེས་ཆུང་བའི་གསུམ་དབྱིབས་ཅན་བཅས་ཡོད། ཡང་ལ་ལ་ཞིག་གིས་སྟབས་བདེ་བའི་ཤིང་ལེབ་དྲུག་གིས་རོ་སྒམ་བཟོས་པ་ལ་ཀུན་གྱིས་མེ་སྒམ་ཟེར། སྒྱུ་རྩལ་བ་སྦྱིན་

སྲེག་གཏོང་སྐབས་ཟམ་སྒམ་ཞིག་ཀྱང་བཟོ་དགོས་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1