གཙོ་ངོས།>> ཁྲིམས་ལུགས།>>རྒྱལ་ཁབ་བཅའ་ཁྲིམས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༡༥ཉིན།

༄༅།།གློག་རིན་ཆད་འགྱངས་བྱས་ན་གློག་འདོན་ཀུང་སིས་གློག་བཅད་ཆོག་གམ།

  ནོར་བུ་ལ་མཚོན་ན་ཁོ་ཚང་གི་ཁང་པའི་གདུང་འདེགས་ཀ་བ་ལྟར་ཁྱིམ་གྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་ཁོའི་ཕྲག་ཏུ་ལྷུང་ཡོད་པ་ཡིན། སྡེ་བའི་ཁ་ཡ་ན་ཟླ་ཚོའི་གྲལ་དུ་བློ་རིག་གཉིས་འཛོམས་ཡིན་ཞིང་གསར་རྒོད་ཅིག་གི་ཁྱད་ཆོས་ཡོངས་སུ་འཛོམས་ཡོད། ཡིན་ན་ཡང་ཁོས་ད་རག་བར་དུ་ཡེ་ནས་བསྒྱུར་ཐུབ་མེད་པ་ཞིག་ནི་དོན་དག་ཕྲན་ཚེགས་རེར་ཡང་ཨུ་ཚུགས་བྱེད་རྒྱུ་དེ་རེད། ཐེངས་ཤིག་ལ་ནོར་བུས་ཨུ་ཚུགས་བྱས་ཏེ་གློག་རིན་མ་སྤྲད་པས་གློག་འདོན་ཀུང་སི་ཁོ་ཚང་ལ་ཆེད་དུ་གློག་རིན་འདེད་དུ་ཐོན་ཞིང་། ཁོས་དོན་དག་དེར་དོ་སྣང་ཆེར་མ་བྱས་ལ་སེམས་སུ་གློག་རིན་སྔ་མོ་ནས་ཆད་འགྱངས་བྱས་ཡོད་ཀྱང་། གློག་ད་དུང་མ་བཅད་པས་ད་ལྟ་གློག་རིན་མ་སྤྲད་ནའང་སྐྱོན་མེད་པར་སྙམ།ཉིན་ཞིག་གི་དགོང་མོར། ཁོ་ཚང་གི་བཟའ་མི་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ནུབ་ཟས་ལ་རོལ་སྐབས་གློ་བུར་དུ་གློག་ཆད་པ་རེད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི། གློག་འདོན་ཀུང་སིས་དེ་ལྟར་གློག་བཅད་པའི་བྱེད་སྟངས་ནི་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་དང་མཐུན་ནམ།

          ཞེས་བསམ་འགྲུབ་ཀྱིས།
          བློ་མཐུན་བསམ་འགྲུབ་ལགས།
          རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “ གློག་བཀོལ་སྤྱོད་མཁན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་ལྟར་དུས་ལྟར་གློག་རིན་སྤྲད་དགོས། གློག་བཀོལ་སྤྱོད་མཁན་གྱིས་གློག་རིན་ཕྱིར་འགྱངས་བྱས་ཏེ་མ་སྤྲད་ཚེ། ཁ་ཆད་ལྟར་དུས་ཆད་དང་འགལ་བའི་དངུལ་སྤྲད་དགོས།གློག་བཀོལ་སྤྱོད་མཁན་ལ་སྐུལ་བརྡ་བྱས་པ་བརྒྱུད་འོས་འཚམ་གྱི་དུས་ཚད་ནང་སྔར་བཞིན་གློག་རིན་དང་དུས་ཆད་དང་འགལ་བའི་དངུལ་མི་སྤྲོད་ཚེ། གློག་མཁོ་འདོན་མཁན་གྱིས་རྒྱལ་ཁབ་ཀྱི་གཏན་འཁེལ་གོ་རིམ་གཞིར་བཟུང་སྟེ་གློག་གཏོང་མཚམས་བཞག་ཆོག  གློག་མཁོ་འདོན་མཁན་གྱིས་དོན་ཚན་སྔོན་མའི་གཏན་འཁེལ་གཞིར་བཟུང་སྟེ་གློག་གཏོང་མཚམས་བཞག་ན། སྔོན་དུ་གློག་བཀོལ་སྤྱོད་མཁན་ལ་བརྡ་གཏང་དགོས” ཞེས་བཀོད་ཡོད།
          གོང་གི་གྱོད་དཔེ་འདིར་གཞིགས་ན། གློག་འདོན་ཀུང་སིས་སྔོན་དུ་ནོར་བུ་ལ་བརྡ་བཏང་ཡོད་པས་གློག་གཏོང་མཚམས་བཞག་པ་ཁྲིམས་མཐུན་ལུགས་མཐུན་ཡིན་ནོ། །
          ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1