གཙོ་ངོས།>> ཁྲིམས་ལུགས།>>སྲིད་ཇུས་འགྲེལ་བཤད།

ཀུན་དགའ་བསམ་གཏན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༠༨ཉིན།

༄༅།། བོད་གྲོང་གི་རི་ལུང་དུ། དྲིན་གཟོ་ཡི་རོལ་དབྱངས་དཀྲོལ།


ཀུན་དགའ་བསམ་གཏན་གྱིས་བསྒྱུར།       

བོད་གྲོང་གི་རི་ལུང་དུ། དྲིན་གཟོ་ཡི་རོལ་དབྱངས་དཀྲོལ།
གླུ་ཡི་མིང་།

《གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར།》

གླུ་ཚིག། 

   ཧི་མ་ལ་ཡ་ཨ། ག་ཚད་མཐོ་ཡང་རྩེ་ཡོད། ཡར་ཀླུང་གཙང་པོ་ཨ། ག་ཚད་རིང་ཡང་ཕུགས་ཡོད། བོད་རིགས་མི་དམངས་ཆེས་སྡུག་ཀྱང་། ཆེས་སྡུག་ཀྱང་མཐའ་ཡོད། གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར་ཨེ། གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར། ཧི་མ་ལ་ཡ་ཨ། ག་ཚད་མཐོ་ཡང་རྩེ་ཡོད། ཡར་ཀླུང་གཙང་པོ་ཨ། ག་ཚད་རིང་ཡང་ཕུགས་ཡོད། བོད་རིགས་མི་དམངས་ཆེས་སྡུག་ཀྱང་། ཆེས་སྡུག་ཀྱང་མཐའ་ཡོད་འོ།། གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར་ཨེ། གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར། 

གླུ་ཚིག་བརྩམས་པའི་ལོ་རྒྱུས། 

   1963ལོར《ཞིང་བྲན།》ཞེས་པ་གློག་བརྙན་བསྟན་ཡོད། གློག་བརྙན་དེར་བོད་ལྗོངས་ཀྱི་ཞིང་བྲན་བྱམས་པར་ཞིང་བྲག་བདག་པོའི་གཉའ་གནོན་བཤུ་གཞོག་ཐེབས་པས་བཅིངས་འགྲོལ་དམག་མིས་སྲོག་བསྐྱབས་པ་དང་། ཁོས་སྟོབས་ཤུགས་ངན་པའི་ནག་ཉེས་ཐེར་འདོན་བྱས་མཐར་ཞིང་བྲན་ཚང་མ་བཅིངས་འགྲོལ་ཐོབ་པའི་གཏམ་རྒྱུད་བཤད་ཡོད་པ་རེད། གློག་བརྙན་གྱི་བར་བཅུག་གླུ་དབྱངས《གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར།》ཞེས་པས་བོད་ལྗོངས་ཀྱི་ཞིང་བྲན་ས་ཡ་གཅིག་འོས་ལངས་བྱུང་ནས་རང་ཁྱིམ་རང་བདག་བྱེད་པའི་དགའ་སྤྲོའི་སེམས་པ་གླུ་རུ་ལེན་ཡོད་པར་མ་ཟད། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོར་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམ་པ་གསར་རྐྱང་དུ་བསྒྱུར་བའི་བསམ་པའི་ཉམས་འགྱུར་ཡང་མཚོན་ཡོད། ཧོང་ཙུང་ཅང་ནི《ཞིང་བྲན།》ཞེས་པའི་འཁྲབ་གཞུང་རྩོམ་སྒྲིག་པ་ཡིན་ལ། 《གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར།》ཞེས་པའི་གླུ་ཚིག་རྩོམ་མཁན་ཡང་ཡིན་པ་རེད། 1959ལོར《མི་དམངས་ཉིན་རེའི་ཚགས་པར》དུ《བོད་ལྗོངས་ཀྱི་གསར་བརྗེ་དང་ཉི་ཧེ་ལུའུ་ཡི་མཚན་ཉིད་རིག་པ》ཞེས་པའི་རྩོམ་ཡིག་བཀོད་པའི་སྐབས་སུ་ཁོང་ལ་བོད་ལྗོངས་ཀྱི་འཁྲབ་གཞུང་བྲིས་པའི་འདུན་པ་སྐྱེས། ལོ་འགའི་རྗེས་སུ། ལས་དབང་བཟང་བས་ཧོང་ཅུང་ཅང་གིས《ཞིང་བྲན།》ཞེས་པའི་འཁྲབ་གཞུང་བརྩམས། བརྙན་དུ་ཕབ་བའི་གློག་བརྙན་དང་འཁྲབ་གཞུང་ཅུང་མི་འདྲ་ན་ཡང་། འཁྲབ་བྱུང་ལ་འགྱུར་བ་ཆེར་བྱུང་མེད། སྐབས་དེའི་གློག་བརྙན《ཞིང་བྲན།》ལ་བར་བཅུག་གླུ་དབྱངས་དགོས་པས། ཧོང་ཙུང་ཅང་ནི་བར་བཅུག་གླུ་དབྱངས་ཀྱི་གླུ་ཚིག་རྩོམ་མཁན་གྱི་མི་སྣ་ཆེས་ཡག་ཤོས་སུ་གྱུར། ཁོང་གིས་རང་གི་མྱོང་བ་དངོས་སམ་བརྩེ་དུང་དང་ཟུང་འབྲེལ་བྱས་ནས་ཡང་ཡང་ཞིབ་བཅོས་བྱས་མཐར《གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར།》ཞེས་པའི་གླུ་ཚིག་བརྩམས་པ་རེད།། 

རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས། 

     《གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར།》ཞེས་པ་ནི1963ལོར་བསྟན་བའི《ཞིང་བྲན།》ཞེས་པའི་གློག་བརྙན་གྱི་བར་བཅུག་གླུ་དབྱངས་ཡིན་ཞིང་། གླུ་ཐོག་མ་ལེན་མཁན་ནི་ཚེ་བརྟན་སྒྲོལ་མ་ཡིན་པ་དང་། གླུ་ཚིག་རྩོམ་མཁན་ཧོང་ཙུང་ཅང་ཡིན། ཚེ་བརྟན་སྒྲོལ་མ་ནི་ཀྲུང་གོའི་བོད་ཀྱི་གླུ་དབྱངས་མཁན་ཡིན་ཞིང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་སྒྲ་དབྱངས་ཚན་ཁག་ནས་སློབ་མཐར་ཕྱིན་པ་རེད། 1958ལོར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་སྒྲ་དབྱངས་ཚན་ཁག་ཏུ་ཞུགས་ནས་སློབ་སྦྱོང་བྱས། སྒྲ་དབྱངས་སློབ་གསོ་རིག་པ་བ་དགེ་རྒན་ཆེན་མོ་ཝང་ཕིང་ཧྲུའུ་དགེ་རྒན་དུ་བསྟེན། 1959ལོར་《འོས་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན།》ཞེས་པའི་གླུ་དབྱངས་བླངས་རྗེས་སྐད་གྲགས་ཁྱབ། སྔོན་རྗེས་སུ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་གསེར་གྱི་སྒྲ་སྡེར་བྱ་དགའ་ཐོབ་པ་དང་། གླིང་ལྔའི་གཟེངས་བུམ་གྱི་གསེར་གླུའི་བྱ་དགའ། བོད་ལྗོངས་ཀྱི་ཐེངས་དང་པོའི་ཇོ་མོ་གླང་མའི་རིག་རྩལ་ཐེབས་རྩའི་བྱ་དགའ། ཀྲུང་ཧྭའི་སྒྱུ་རིག་སྐབས་གཉིས་པའི་བྱ་དགའ་བཅས་ཐོབ་མྱོང་། 2008ལོར་པེ་ཅིང་ཨོམ་རྩལ་འགྲན་ཚོགས་སུ་ཞུགས་ནས་ཨོམ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྐྱེལ་བྱས། 2016ལོའི་ཟླ་བ10པའི་ཚེས1ཉིན་ལ། ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་ཕུགས་འདུན། མེས་རྒྱལ་ལ་བསྟོད་པ།》ཞེས་པའི་དགོང་ཚོགས་སུ་ཞུགས་ནས་གླུ་དབྱངས《གླུ་ཞིག་བླངས་ནས་ཏང་ལ་འབུལ།》ཞེས་པ་དང་《ཏང་ལ་ཡང་བསྐྱར་གླུ་ཞིག་འབུལ།》ཞེས་པ་བླངས་པ་རེད། 2018ལོའི་ཟླ་བ12པར་ཧྲང་ཧའེ་ཟློས་གར་ཁང་ཆེན་དུ་གཉེར་བའི་ཀྲུང་གོའི་གླུ་དབྱངས་སྙན་མོ་ཀུན་ལ་སྒྲོག་ཅེས་པའི་རོལ་དབྱངས་སྟོན་ཚོགས་སུ་ཞུགས་ནས《གླུ་ཞིག་བླངས་ནས་ཏང་ལ་འབུལ།》ཞེས་པ་བླངས། ཧོང་ཙུང་ཅང་ནི་ཀྲུང་གོའི་ནང་ལོགས་ཀྱི་འཁྲབ་གཞུང་རྩོམ་སྒྲིག་པ་དང་རྩོམ་པ་པོ། འཁྲབ་སྟོན་པ་བཅས་ཡིན་ཞིང་། ཡན་ཅིང་སློབ་ཆེན་ནུབ་སྐད་ཚན་ཁག་ནས་སློབ་མཐར་ཕྱིན། 1954ལོར་གློག་བརྙན་འཁྲབ་གཞུང་དང་པོ《འདུ་འཛོམས་ཆེན་པོ།》གསར་དུ་བརྩམས། 1957ལོར་ཕོ་མོའི་བརྩེ་དུང་སྐོར་མཚོན་པའི་གློག་བརྙན《ལུའུ་པའོ་ཡི་གཏམ་རྒྱུད།》ཅེས་པར་བརྟེན་ནས་ཀྲུང་གོ་རིག་གནས་པུའུ་གློག་བརྙན་རྩོམ་རིག་འཁྲབ་གཞུང་གསར་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ། 1963ལོར་ཁོང་གིས་འཁྲབ་གཞུང་རྩོམ་སྒྲིག་གི་འགན་ཁུར་བའི་གློག་བརྙན《ཞིང་བྲན།》ཞེས་པ་བསྟན། 1994ལོར་ཟློར་གར་དང་གར་ཚིག་ཕྱོགས་བསྒྲིགས་ཏེ《ཧོང་ཙུང་ཅང་གི་འཁྲབ་གཞུང་ཀུན་བཏུས་ལ། གར་སྟེགས་དང་བག་མ་བསུ་ལེན་ཕྱོགས་བསྒྲིགས།》ཞེས་པ་གསར་དུ་བརྩམས། 2000ལོར་མི་སྣ་མང་པོ་དང་ལྷན་དུ་ལྷུག་རྩོམ་ཕྱོགས་བསྒྲིགས་ཏེ《འཁྲབ་སློང་བ་ཧོང་ཚང་》ཞེས་པ་གསར་དུ་བརྩམས། 2010ལོར་ཁོང་གིས་འཁྲབ་པའི་བརྙན་འཕྲིན་འཁྲབ་གཞུང་《ཤི་གསོན་ཟམ་པ།》ཞེས་པ་བསྟན། དེ་ལོའི་ཟླ་བ10པའི་ཚེས18ཉིན་གྱི་ཕྱི་དྲོར། ཧོང་ཙུང་ཅང་ལ་རྒྱུ་སྐྲན་ནད་ཀྱི་གློ་བར་གཉན་ཁ་ཕོག་ནས་སྨན་གྱིས་མ་ཕན་པར་ཚེ་ལས་འདས་པ་རེད།།

བོད་གྲོང་གི་རི་ལུང་དུ། དྲིན་གཟོ་ཡི་རོལ་དབྱངས་དཀྲོལ།

 ཀ། ལྷག་བསམ་དག་པས་ཏང་ལ་དྲིན་ལན་འཇལ། 

   ནོར་བུ་བཀྲ་ཤིས་ཀྱིས“དེ་ནི་ཨ་ཕས་ང་ལ་བཞག་པའི་དྲན་རྟེན་ཉག་ཅིག་རེད”ཅེས་བཤད་ཞོར་གཟབ་གཟབ་སིལ་སིལ་བྱས་ནས་ཤིང་སྒམ་ཆུང་ཆུང་ཞིག་གི་ནང་ནས་དམག་འཐབ་ཀྱི་མཛད་རྗེས་རྟགས་མ་ཞིག་བླངས་ནས་བསྟན། 1956ལོར་ཁོའི་ཨ་ཕ་ནོར་བུ་ཁྲང་ཧྲུའུ་དམག་ནང་ཞུགས་ནས་ཇག་འདུལ་དམག་འཐབ་ནང་ཞུགས། “དབྱིན་ཏ་དམག་འཐབ”ཁྲོད་འཐབ་གྲོགས་འགེབས་སྲུང་བྱས་ནས་གཟི་བརྗིད་ངང་རང་སྲོག་བློས་བཏང་བ་དང་སྔོན་གཤེགས་དཔའ་བོ་དང་བྱས་རྗེས་རིམ་པ་གཉིས་པ་འགོད་པའི་ནང་ཚུད་ཡོད། བཅིངས་འགྲོལ་མ་བཏང་གོང་ནོར་བུ་ཁྲང་ཧྲུའུ་ཡིས་ཡུལ་དཔོན་གྱི་མགོར་ཕྱུགས་འཚོ་ཞིང་ཞིང་འདེབས་ཀྱང་ལྟོ་བ་མི་རྒྱགས་པ་དང་གྱོན་རྒྱུ་མི་དྲོ་བས་ལུས་པོ་རུས་མགོ་ལྤགས་གཡོགས་ཙམ་དུ་གྱུར། 1950ལོའི་སྤྱི་ཟླ3པར་དར་མདོ་བཅིངས་འགྲོལ་བཏང་རྗེས “གུང་ཁྲན་ཏང་སླེབས་བྱུང་སྡུག་ལས་ཐར”། ཁོ་ཚོའི་ཁྱིམ་ལ་ས་ཞིང་དང་ནོར་ལུག ནགས་རི། འབྲོག་ར་བཅས་བགོས་སྐལ་ཐོབ་པ་རེད། 1951ལོའི་སྤྱི་ཟླ8པའི་ཚེས1ཉིན། དཀར་མཛེས་ཁུལ་དུ་བོད་དམངས་མདའ་ཤོག་ཐོག་མ་དེ་བཙུགས་ཤིང་། ནོར་བུ་ཚེ་རིང་ཡང་བོད་དམངས་མདའ་ཤོག་གི་འཐབ་འཛིང་པ་ཞིག་ཏུ་གྱུར་པར་མ་ཟད་ཏང་ནང་དུ་ཞུགས་ཡོད་པ་རེད། 1956ལོའི་དཔྱིད་ཀར། ནོར་བུ་བཀྲ་ཤིས་ད་དུང་སྐྱེས་མེད་ཅིང་། ནོར་བུ་ཁྲང་ཧྲུའུ་ཡིས་ཇག་འདུལ་འཐབ་འཛིང་ཁྲོད་དུ་འཐབ་གྲོགས་སྐྱོབ་ཆེད་དགུང་ལོ31ལ་ཕེབས་པའི་ཚེ་སྲོག་སྐྱེས་སུ་ཕུལ་བ་རེད། “ཨ་མས་རྒྱུན་དུ་ང་ལ་ཁྱོད་རང་གི་ཨ་ཕ་ལགས་ནི་ང་ཚོའི་བདེ་སྐྱིད་འཚོ་བའི་ཆེད་དུ་གཟི་བརྗིད་རང་སྲོག་བློས་གཏོང་བྱས་པ་རེད། ཁྱོད་རང་ཡང་ཨ་ཕ་དང་འདྲ་བར་རྒྱལ་ཁབ་ལ་དགོས་མཁོ་ཡོད་ཚེ་ག་དུས་ཡིན་ཡང་དཔའ་ངར་ཆེར་བསྐྱེད་ཀྱིས་བློས་གཏོང་ཐུབ་པ་བྱ་དགོས”ཞེས་བཀའ་སློབ་གནང་ཡོད་ཅིང་། ཨ་མ་ལགས་ཀྱི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་ནོར་བུ་བཀྲ་ཤིས་དམག་སྒར་དུ་ཞུགས་པའི་རྗེས་སུ། ལག་འབོམ་འཕེན་པའི་འགྲན་བསྡུར་ནང་མདའ་ཤོག་ཡོངས་སུ་ཨང་དང་པོ་བླངས་པ་དང་། མེ་མདའ་ཕྲལ་གསེད་ཟུང་འབྲེལ་འགྲན་བསྡུར་ནང་མདའ་ཤོག་ཡོངས་ཀྱི་ཨང་གཉིས་པ་བླངས་པ། མདའ་ཤོག་ཡོངས་སུ་དམིགས་བསལ་མདའ་པ། མེ་མདའ་སྦག་སྦག་གཞི་གསོ་འཇོན་ཅན་བཅས་ནོར་བུ་བཀྲ་ཤིས་ནི་མདའ་ཤོག་ཡོངས་ཀྱི་དྲག་རྩལ་སྦྱོང་མཁན་གྱི་དཔེ་དམག་ཏུ་གྱུར་པ་རེད།             1979ལོར་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་བྱེད་སྐབས་ནོར་བུ་བཀྲ་ཤིས་ཀྱིས་རང་སྲོག་བློས་གཏོང་གིས་རྨས་སྐྱོན་ཕོག་པའི་འཐབ་གྲོགས་རྒྱབ་ཏུ་ཁུར་ནས་འགྲོ་དུས་རང་ཉིད་ལའང་མདེའུ་ཕོག་པས་བྱས་རྗེས་རིམ་པ་གསུམ་པ་བཞག་ཡོད། ཁོ་ད་དུང་དར་མདོའི་མཚོ་མཇུག་ཟམ་པའི་ཆུ་གློག་ས་ཚུགས་ཀྱི་བཟོ་སྐྲུན་དང་རྟའུ་ཆུ་ལོག་གནོད་འཚེ་དང་ས་ཡོམ་ཉེན་སེལ་དུ་ཞུགས་མྱོང་བ་རེད། ཨབྱམས་པ་མཁས་གྲུབ་དམག་དཔུང་ནང་ཞུགས་རྗེས་དཀའ་སྤྱད་སྦྱོང་བརྡར་བྱས་པས་དྲག་རྩལ་འགྲན་ཐེངས24ལ་ཨང་དང་པོ་ཐོབ་པ་དང་། ཐེངས13ལ་བཅུ་ཤོག་གི་འཐབ་འཛིང་ཚང་མ་སྣེ་ཁྲིད་དེ་དངོས་དམག་ནང་སྦྱོང་དང་དམག་དོན་བྱེད་སྒོ་གལ་ཆེན་ལེགས་སུ་འགྲུབ་པ་རེད། སྔ་རྗེས་སུ་བྱས་རྗེས་རིམ་པ་དང་པོ་ཐེངས་གཉིས་དང་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཅས་ཐོབ་ཡོད། 2015ལོར་གཉེར་པའི་དམངས་དམག་མཉམ་དུ་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་བྱམས་པ་མཁས་གྲུབ་ཀྱི་གཡོན་དུ་བཞུགས་ནས་བྱམས་པ་མཁས་གྲུབ་ལ་མཛའ་བརྩེའི་ངང་ཁོའི་སློབ་སྦྱོང་དང་འཚོ་བ། སྦྱོང་བརྡར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས་བྱམས་པ་མཁས་གྲུབ་ལ་ཁམས་པའི་ཕོ་རྒོད་ཨེ་ཡིན། ཁམས་པའི་ཕོ་རྒོད་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པ་རེད་ཅེས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོ་ལ་སློབ་སྦྱོང་ཡག་པོ་བྱ་དགོས་ཞེས་སྐུལ་མ་གནང་། བྱམས་པ་མཁའ་གྲུབ་ཀྱིས་འདི་ནི་ཁོ་ཚོའི་ཁྱིམ་གྱི་གཟི་བརྗིད་རེད། “འདི་ནི་རང་ཉིད་ཀྱི་ཡིན་ལ། ང་ཚོ་ཁྱིམ་རྒྱུད་ཧྲིལ་པོ་ཡི་ཡང་ཡིན་ཞིང་། ང་ཚོ་མི་རབས་གསུམ་གྱི་གོང་བུ་གཅིག་ཏུ་འགྲིལ་བའི་སྟོབས་ཤུགས་ཀྱང་རེད”ཅེས་བཤད། “སྐྱེས་པ་ཕོ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་དམག་དཔུང་ནང་ཞུགས་ནས་སྦྱོང་བརྡ་བྱ་དགོས། དམག་དཔུང་ནང་ཞུགས་ན་ད་གཟོད་སྐྱེས་ཕོ་རབ་ཅིག་ཏུ་འགྱུར་ཐུབ། སྐྱེས་ཕོ་རབ་ཅིག་གིས་དམག་དཔུང་ནང་བྱས་རྗེས་འཇོག་ཐུབ་པ་དང་ལས་དོན་སྒྲུབ་ཐུབ་པ་བྱ་དགོས”ཞེས་བཤད་པ་རེད།།

 བོད་གྲོང་གི་རི་ལུང་དུ། དྲིན་གཟོ་ཡི་རོལ་དབྱངས་དཀྲོལ།

ཁ། ཡ་རབས་ཁྱིམ་སྲོལ་མི་རབས་བརྒྱུད་ནས་འཛིན། 

  “གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་གིས་ང་ཚོ་ཡར་ལངས་ནས་བདག་པོར་གྱུར་དུ་བཅུག་པ་དང་ཆབས་ཅིག ང་ཚོས་བདེ་སྐྱིད་ཁམས་བདེའི་འཚོ་བ་རོལ་རྒྱུ་ལོན་པའི་བཀའ་དྲིན་འདི་ང་ཚོས་ནམ་ཡང་བརྗེད་མི་རུང”ཞེས་ནོར་བུ་བཀྲ་ཤིས་ཀྱིས་རྟག་ཏུ་བྱམས་པ་མཁས་གྲུབ་ལ་བསླབ་བྱ་སྤྲས་པ་རེད། ཁོས་ཕ་རབས་དམག་ནང་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག“ཏང་ལ་དགའ་ཞེན་ཟོལ་མེད་དང་རྒྱལ་ཁབ་ལ་བློ་དཀར་ཞིང་དྲིན་གཟོ་བའི”ཁྱིམ་སྲོལ་བཟང་པོ་ཞིག་བཞག་ཡོད། གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་རྒྱུ་ནི་ནོར་བུ་བཀྲ་ཤིས་ཀྱི་བསམ་འདུན་ཆེས་ཆེ་ཤོས་དེ་ཡིན་པ་རེད། ནོར་བུ་བཀྲ་ཤིས་ཚང་གི་ཁྱིམ་དུ་མའོ་ཙེ་ཏུང་གི་བྲིས་སྐུ་དང་དམར་མདངས་རབ་ཏུ་བཀྲ་བའི་ཏང་དར་བཀལ་ཡོད། 1982ལོར་ནོར་བུ་བཀྲ་ཤིས་དམག་ཞབས་ཐིམ་ནས་ཕྱིར་ཕ་ཡུལ་དུ་ལོག་དུས་ཏང་ཡོན་མིན་ཡང་།ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་བཏོན་ཡོད། འདི་ལྟར་ཨ་ཕའི་ཁ་བཤད་དཔེ་སྟོན་དང་ཁྱིམ་ཚང་གི་བག་ཆགས་བཟང་པོའི་འོག་བྱམས་པ་མཁས་གྲུབ་ཀྱང་ཏང་ལ་དགའ་ཞེན་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པའི་གསར་བརྗེའི་ས་བོན་ཞིག་ཏུ་གྱུར་ཡོད། 2007ལོའི་གནམ་ལོ་གསར་ཚེས་སུ་དམག་དཔུང་ནང་ཞུགས་ནས་ཟླ་བ་གཅིག་ཀྱང་མ་འགོར་བའི་བྱམས་པ་མཁས་གྲུབ་ཀྱིས་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་དང་པོ་བྲིས། 2008ལོའི་སྤྱི་ཟླ7པར་ཁོ་ཐེངས་དེའི་དམག་ཞུགས་འཐབ་གྲོགས་ཁྲོད་དུ་ཏང་གི་རྩ་འཛུགས་ནང་དུ་ཐོག་མར་ཞུགས་ཏེ་འོས་འགན་དམག་མིའི་ཏང་ཡོན་འབའ་ཞིག་ཏུ་གྱུར།2011ལོར་ཁོང་རང་ཡོད་སའི་དམག་དཔུང་དེས“ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་བཅུ”ལ་བདམས། 2012ལོའི་སྤྱི་ཟླ6པར་ནོར་བུ་བཀྲ་ཤིས་ལ་ཏང་ནང་ཞུགས་རྒྱུའི་ཕུགས་འདུན་གྲུབ་ཡོད། 2013ལོའི་སྤྱི་ཟླ5པར་བྱམས་པ་མཁས་གྲུབ་གྱི་གཅུང་པོ་ཐུབ་བསྟན་ཆོས་གྲགས་ཀྱང་གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ཡོད། ནོར་བུ་བཀྲ་ཤིས་ཀྱིས“ད་ཆ་ང་ཚོ་ཚང་མ་ཏང་ཡོན་ཡིན་པས་སེམས་སུ་ཏང་ཡོད་དགོས་ལ་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆེད་དུ་ལས་དོན་བསྒྲུབ་དགོས”ཞེས་བཤད། ནོར་བུ་ཁྲང་ཧྲུའུ་ཇག་འདུལ་གཡུལ་སར་གཤེགས་རྗེས་སྲིད་གཞུང་དང་ཡུལ་མི་ཚོས་ཁོ་བརྗེད་མེད་ཅིང་།ཤུལ་དུ་ལུས་པའི་མ་བུ་གཉིས་ལ་རོགས་རམ་གང་ཐུབ་བྱས། ནོར་བུ་བཀྲ་ཤིས་ཀྱི་ཨ་མས་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ཆེད། ནམ་རྒྱུན་རང་གི་བུ་ཁྲིད་དེ་ཡུལ་མི་ཚོར་ནུས་པས་ལྕོགས་ཚོད་ཀྱིས་ཞིང་ལས་ལས་རོགས་བྱེད་ཀྱིན་ཡོད། དེ་ལྟར་གཅེས་སེམས་བརྒྱུད་སྤྲོད་ཀྱི་ཡ་རབས་སྲོལ་བཟང་དེ་ནམ་ཡང་མཚམས་ཆད་མ་མྱོང་། ཁྱིམ་མཚེས་སུ་ཞིག་ལ་དཀའ་ངལ་ཡོད་དུས་ནོར་བུ་བཀྲ་ཤིས་ཀྱིས་རོགས་རམ་བྱས་དང་བྱེད་བཞིན་ཡོད། མོ་མཚོ་ཚང་གི་སྡོད་ཁང་གསར་པ་བརྒྱབ་པ་དང་དེའི་ཐོག་བུ་ཕྲུག་སློབ་གྲྭར་འགྲོ་བཞིན་ཡོད་པས་དཔལ་འབྱོར་ཐད་དཀའ་ངལ་ཕྲན་བུ་བྱུང་། ནོར་བུ་བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཤེས་མཐར་གཟའ་འཁོར་རེར་མོ་མཚོར་སློབ་ཡོན་ཙག་ཙིག་ཉོས་བྱེད་སྒོར10ཡི་རོགས་སྐྱོར་བྱས། 2012ལོའི་སྤྱི་ཟླ3པའི་ཉིན་ཞིག་ལ་བྱམས་པ་མཁས་གྲུབ་ཀྱིས་བརྙན་ལམ་ནས“ཞའོ་ཝུན་ཅུན་གྱིས་ཨ་མ་སྐྱོབ་པའི”གསར་འགྱུར་ཞིག་མཐོང་། གསར་འགྱུར་ནང་དུ་ལོ་ན་ལྔ་ལ་སོན་པའི་བུ་དེའི་ཨ་ཕ་ཚེ་ལས་འདས་རྗེས་རང་ཉིད་གཅིག་པུས་ཨ་མར་ལྟ་རྟོག་བྱེད་པའི་སྐོར་གཏམ་རྒྱུད་བཤད་པ་ཞིག་ཡིན་ཞིང་། གནས་ཚུལ་འདིས་བྱམས་པ་མཁས་གྲུབ་ལ་སེམས་འགུལ་ཆེན་པོ་ཐེབས་ནས་ཁོས་བརྒྱ་ཤོག་ཏུ“ཝུན་ཅུན་ལ་རོགས་རམ་དང་ཨ་མ་སྐྱོབ་པ།གཅེས་སེམས་འབུལ་རོགས”ཞེས་པའི་གྲོས་མགོ་བཏོན། འདི་ལྟར་བྱམས་པ་མཁས་གྲུབ་ཀྱིས་སྣེ་ཁྲིད་འོག་དམག་མི་དང་སྤྱི་ཚོགས་སེམས་བཟང་མི་སྣ་གང་མང་ཞིག་གཅེས་སེམས་ལས་དོན་ལ་ཞུགས་ཡོད། བྱམས་པ་མཁས་གྲུབ་ཀྱི་ཁྱིམ་ལ་རྒྱལ་ཡོངས་ཡ་རབས་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་དང་། ནོར་བུ་བཀྲ་ཤིས་པེ་ཅིང་དུ་གཟེངས་བསྟོད་གནང་བར་ཕེབས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ལ་བྱམས་བརྩེའི་ངང་ནས་ཕྱག་འཇུ་གནང་མྱོང་། བྱམས་པ་མཁས་གྲུབ་ཀྱིས་ང་ཚོའི་ཁྱིམ་ཚང་གི་དྲང་བདེན་ནུས་པ་དེ་དངོས་གནས་དྲང་གནས་བརྒྱུད་སྤྲོད་བྱ་དགོས། ང་དང་ངའི་འཐབ་གྲོགས་ཀྱིས་བོད་རིགས་ཀྱི་ཕྲུ་གུ་དབུལ་པོ4དང་ཐུང་ཧྭ་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་མི་ཐུབ་པའི་སློབ་ཆེན་སློབ་མ1 དེ་བཞིན་མ་གཅིག་བུ་གཅིག་གི་སློབ་ཆུང་སློབ་མ1 ད་དུང་དཀའ་ངལ་ཡོད་པའི་འཐབ་གྲོགས་གསར་པ་ཞིག་ལ་སྔ་རྗེས་སུ་རོགས་རམ་བྱས་ཡོད། ནུ་བོ་གསུམ་པས་གུང་གསེང་བཞག་ཐེངས་རེར་གྲོང་སྡེའི་ནང་གི་སློབ་མར་འོས་འགན་གྱིས་སློབ་ཚན་གསབ་ཁྲིད་བྱེད་ཀྱི་ཡོད།ཨ་ཕས་ཀྱང་རྟག་ཏུ་གྲོང་སྡེའི་ནང་གི་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སོགས་གང་ལའང་རོགས་རམ་བྱེད་བཞིན་ཡོད་པས་མ་ཚད། ང་ཚོས་ད་དུང་རྒན་རབས་པ་ཚོའི་ཡ་རབས་ཀུན་སྤྱོད་དང་ཁྱིམ་སྲོལ་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་མུ་མཐུད་དུ་ཉེ་འཁོར་གྱི་མང་ཚོགས་ལ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།།

 ག། བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར། 

     ནོར་བུ་བཀྲ་ཤིས་ཀྱིས“ང་དམག་ནང་ཞུགས་དོན་ནི་ཏང་གི་བཀའ་དྲིན་གཟོ་བའི་ཆེད་དུ་ཡིན།གངས་དཀར་རི་བོར་ལོ་ཧྲིལ་པོར་གངས་མི་ཞུ་བ་ལྷད་མེད་དྭངས་གཙང་གི་གཡང་ཊི་ལྟར་ཆགས་ཤིང་།ཉི་འོད་གངས་རིའི་ཐོག་ཕོག་སྐབས་ངས་གཞི་ནས་གུང་ཁྲན་ཏང་གིས་ང་ཚོར་བསྐྱངས་པའི་བཀའ་དྲིན་ཡིད་ལ་འཁོར་བྱུང”ཞེས་བཤད། དམག་ནས་ཕྱིར་ལོག་རྗེས་ནོར་བུ་བཀྲ་ཤིས་ཀྱིས་ཁྱིམ་མཚེས་སུ་ཚང་གིས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ།སྡོད་ཁང་གསར་སྐྲུན།དཔྱིད་འདེབས་སྟོན་བསྡུའི་ལས་ཀ་ཅི་ཡོད་ལ་རོགས་བྱས་པ་རེད།1991ལོར།ནོར་བུ་བཀྲ་ཤིས་ཀྱིས་འོས་འགན་ངང་གྲོང་སྡེའི་སློབ་གྲྭ་འཛུགས་སྐྲུན་ནང་ཞུགས་ཡོད། 2003ལོར་ལོ་ན14ལ་སོན་ཙམ་གྱི་བྱམས་པ་མཁས་གྲུབ་ཀྱིས་དམངས་གཉེར་དགེ་རྒན་བྱས་པ་རེད།ནོར་བུ་བཀྲ་ཤིས་ཀྱིས་ཡིད་སྐྱོ་བའི་ངང་ནས“ཁོ་རང་འདི་འདྲ་ཆུང་དུས་ནས་ཁྱིམ་གྱི་དོན་ཆེན་ཕྲག་ཏུ་ཁུར་དགོས་པར་བརྟེན། ངའི་སེམས་ནང་ཕམ་སེམས་སྐྱེ་བ་ཞིག་རེད”ཅེས་བཤད། 2006ལོར་བྱམས་པ་མཁས་གྲུབ་དམག་ལ་འགྲོ་རྒྱུའི་ཐག་བཅད། སྐབས་དེ་དུས་ཁྱིམ་དུ་དཀའ་ངལ་མང་པོ་ཡོད་པས་ནོར་བུ་བཀྲ་ཤིས་ཀྱིས་མི་གཞན་ལ་སྡོད་ཁང་ཞིག་གསོ་བྱེད་རོགས་བྱས་སྐབས་སྟབས་མི་ལེགས་པར་ལག་གཡས་པ་བཅད་པ་དང་། རང་གི་བཟའ་ཟླར་གློ་བར་ཆུ་བསགས་ནས་སྨན་ཁང་དུ་བསྡད་དགོས་བྱུང་མོད།འོན་ཀྱང་་ནོར་བུ་བཀྲ་ཤིས་ཀྱིས་བློ་ཐག་རྦད་བཅད་ཀྱིས་ང་ཚོའི་མི་རབས་ཚང་མ་དམག་མིར་ཞུགས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཞེས་བཤད་བཞིན་རང་གི་བུ་དམག་ལ་ཞུགས་སུ་བཅུག་པ་རེད། “དྲིན་ཅན་དྲིན་དུ་ཚོར་བ་དང་།ཤེས་བྱའི་རིག་གནས་ཡག་པོ་སྦྱོང་དགོས་པ།དཔའ་ངར་ཆེ་ཞིང་བློ་རྩ་བརྟན་པའི་མི་ཞིག་བྱེད་དགོས”ཞེས་ནོར་བུ་བཀྲ་ཤིས་ཀྱིས་བུ་དམག་སྒར་དུ་འབྱོར་རྗེས་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་ནས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་རྒྱུའི་རེ་བ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་གྲོང་སྡེའི་ནང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ནོར་བུ་བཀྲ་ཤིས་སྔ་རྗེས་སུ་ལྕགས་ཟམ་ཁ་གྲོང་སྡེའི་གྲོང་དམངས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་།ཀྲུའུ་རེན་གྱི་འགན་འཁུར་འཁུར་ཞིང་། ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྣམ་པ་དེ་མིག་མཐོང་ལག་ཟིལ་བྱུང་དུས་ཁོ་དགའ་ནས་རང་ཚོད་མི་ཟིན་པར་གྱུར། ཁྱིམ་དུ་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་དང་།རྒྱ་ཁྱོན་སྤྱི་ལེ་ངོས་གྲུ180ཡོད་པའི་བོད་ཀྱི་སྡོད་ཁང་ཐོག་རྩེག་གསུམ་ཅན་ཞིག་ཀྱང་གསར་དུ་བསྐྲུན་ཡོད། གྲོང་སྡེའི་ནང་ཡིག་རྨོངས་པ་མེད་པ་དང་།རང་འབབ་ཆུ་ཁྱིམ་ཚང་ཚང་མར་ཤར་གཏོང་ཐུབ་པ།གཞུང་ལམ་སྒོ་འགྲམ་དུ་བསྐྲུན་པ།གྲོང་སྡེའི་ནང་སློབ་གྲྭ་ཆེན་པོ་ནས་སློབ་མཐར་ཕྱིན་པའི་སློབ་མ་མང་པོ་ཐོན་པ་ལ་སོགས་པའི་འགྱུར་ལྡོག་སྐོར་གླེང་བཞིན་ནོར་བུ་བཀྲ་ཤིས་ཀྱིས་གུང་ཁྲན་ཏང་གི་བཀའ་དྲིན་རྒྱ་མཚོ་ལས་གཏིང་ཟབ་པ་རེད་ཅེས་བཤད།2017ལོའི་ལོ་སྟོད་དུ་ལྕགས་ཟམ་ཁ་གྲོང་སྡེའི་ནང་མཐོ་སྒང་སྐྱེ་ལྡན་སྔོ་ཚལ་དཔེ་སྟོན་རྟེན་གཞི་བསྐྲུན་ནས་ས་ཞིང་མུའུ300བོགས་མ་བཏང་བར་བརྟེན། ལོ་གཅིག་ནང་གྲོང་སྡེའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི15ཡོང་བ་དང་།གྲོང་མིས་ད་དུང་རྟེན་གཞིར་ལས་ཀ་བྱེད་དུ་འགྲོ་ཆོག་གི་ཡོད། 2020ལོའི་ལོ་མཇུག་ཏུ་ལྕགས་ཟམ་ཁ་གྲོང་སྡེ་ཡིས་ཀྲུང་གོ་ལྕགས་ལམ་སྤྱི་གཉེར་ཁང་དང་སྒོར་ཁྲི200ལྷག་ཙམ་རི་བའི་གྲོང་སྡེའི་མཉམ་སྡེབ་ཁེ་སྤོགས་བགོ་བའི་གན་རྒྱ་བཞག་པ་དང་། གྲོང་མི་ཚོ་གླ་པ་རྒྱུག་པར་བརྟེན་དུད་ཚང་རེར་སྒོར1200ཙམ་གྱི་ཡོང་བབ་ཡོད། “ང་ཚོ་རྒན་རྒོན་གཉིས་པོར་ད་དུང་རྒན་གསོ་འགན་བཅོལ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཡོད་ལ།ངས་གྲོང་སྡེའི་ལས་བྱེད་པའི་འགན་འཁུར་སྐབས་ཟླ་རེར་གླ་ཕོགས་ཀྱང་ལེན་རྒྱུ་ཡོད་པ་རེད”ཅེས་ནོར་བུ་བཀྲ་ཤིས་ཀྱིས་དེ་ལྟར་བཤད་བཞིན། རང་གི་བུ་བྱམས་པ་མཁས་གྲུབ་ཀྱིས་ཁྱིམ་ལ་ཁ་པར་སླེབས་སྐབས་ངས་ཁོ་ལ་ཁྱིམ་དུ་སེམས་ཁྲལ་བྱ་མི་དགོས། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་གནང་ཞིང་ཕན་བདེའི་བཀའ་དྲིན་མང་པོ་ཐོབ་བྱུང་ཞེས་བཤད་ཀྱི་ཡོད།ཁོ་ལ་དམག་དཔུང་ནང་ལས་ཀ་ཡག་པོ་བསྒྲུབས་ནས་ཏང་དང་མི་དམངས་ཀྱི་གསོ་སྐྱོང་ལ་ངོ་གནོང་མི་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། ད་ལྟ་ངས་གྲོང་སྡེའི་ལས་བྱེད་པའི་འགན་འཁུར་མི་དགོས་མོད།འོན་ཀྱང་ངས་ད་དུང་གྲོང་སྡེའི་ན་གཞོན་ལས་བྱེད་པ་ཚོ་ལ་བསམ་ཚུལ་བཏོན་ནས་ཁོ་ཚོར་མི་སེར་གྱི་ལས་དོན་ལེགས་པོར་བསྒྲུབ་ཏུ་འཇུག་གི་ཡོད་ཅེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1