གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༨ཉིན།

༄༅།། ཀླད་མེད་ཀྱི་བྱ་སྤྱོད་འདི་འདྲ་ནི་དངོས་གནས་བཀག་འགོག་བྱེད་རན་འདུག



          ཧྥེན་སི་ཡིས་(粉丝)ཞེན་རྟེན་གྱི་འཛིན་ཤོག་ཇེ་མང་དུ་གཏོང་ཆེད། དམ་བེའི་ཁ་གཅོད་ནང་ངོས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཞིང་། དམ་བེའི་ཁ་གཅོད་ལས་ནང་གི་འོ་མ་མི་དགོས་ལ། འོ་མ་སྒམ་མང་པོ་ཞིག་ཕྱི་ལ་བླུགས། མིང་གྲགས་ཅན་ལ་དགའ་ཞེན་བྱེད་སྟངས་ཀྱི་བྱ་སྤྱོད་དགོད་བྲོ་བ་འདི་འདྲའི་རྒྱབ་ལོགས་སུ་དོན་དངོས་་ཚོང་གཉེར་བ་དང་སྟེགས་བུའི་བསླུ་བྲིད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་འཕྲོ་བརླག་གཏོང་བ་འགོག་པའི་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པ་དང་བསྟུན་ནས། ཟས་རིགས་འཕྲོ་བརླག་གཏོང་བར་ཁྲིམས་ལུགས་ཀྱིས་བཀག་སྡོམ་ནན་མོ་བྱས་པ་རེད། ཟས་རིགས་འཕྲོ་བརླག་ཚབས་ཆེན་གཏོང་བ་ནི་སྤྱི་ཚོགས་ཀྱི་ལུགས་སྲོལ་གང་ལས་ཡང་འགལ་བས། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། ན་ཆུང་གཞོན་ནུ་རྣམས་ཀྱི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ལོག་ལམ་དུ་ཁྲིད་པའི་ཚོང་གཉེར་བ་དང་སྟེགས་བུ་ལ་ངེས་པར་དུ་བདག་དམ་ནན་མོ་བྱེད་དགོས་ལ། ཁོ་ཚོས་ཐོན་རྫས་ཀྱི་བྲིན་ཚོང་དང་ལེ་ཚན་གྱི་གཏོང་གྲངས་ཇེ་མང་དུ་གཏོང་བ་ཁོ་ནར་དམིགས་ནས་ཁྲིམས་ལུགས་དང་སོ་སོའི་སྤྱི་ཚོགས་ཀྱི་འགན་འཁྲི་སྣང་མེད་དུ་གཏོང་བར་བཀག་སྡོམ་བྱེད་དགོས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1