གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༡ཉིན།

༄༅།། གོམས་གཤིས་འདི་རིགས་ལས་ཁྱེད་ལ་ངལ་དུབ་ཀྱི་བསམ་པ་སྦྱིན་སྲིད།


         ཉལ་ནས་ཁ་པར་རྩེ་བ། 

         ཉལ་ནས་གློག་ཀླད་དང་རིག་ནུས་ཁ་པར་སོགས་ཡུན་རིང་བལྟས་ན་འདིའི་འོད་ཀྱིས་ངོ་གདོང་གི་ཤ་ལྤགས་ལ་གནོད་སྲིད་ལ་གཟུགས་པོའི་བདེ་ཐང་ལའང་གནོད་སྲིད།


         གྲོས་འགོ  མ་ཉལ་གོང་གི་ཆུ་ཚོད་ཕྱེད་ཀའི་གོང་ནས་ཁ་པར་རྩེ་མཚམས་འཇོག་དགོས།

             དགོང་མོ་མ་ཉལ་གོང་ཨ་རག་ཁ་གང་ཙམ་འཐུང་དགོས།

         ཨ་རག་གི་ཉིང་ཁུས་ཁྲག་གི་མངར་ཚི་ཉུང་དུ་གཏོང་བ་དང་ཆབས་ཅིག  དབང་རྩའི་ཁྲག་འཁོར་རྒྱུག་འགོར་དུ་ཕྱིན་ནས། སེམས་ལྷོད་དུ་གཏོང་མི་ཐུབ་པས་གཉིད་ཁུག་ཁག་ཏུ་འགྲོ་གི་ཡོད། གང་ཡིན་ཟེར་ན། ཨ་རག་གིས་གཟུགས་པོར་ངར་སློང་གི་ཡོད་པས་དགོང་མོ་གཉིད་ཡང་སེ་བསད་ཀྱི་ཡོད། 


         གྲོས་འགོ  གཉིད་མ་ཉལ་གོང་གི་ཆུ་ཚོད་3ནས་4བར་ལ་ཨ་རག་བཏུང་རྒྱུ་མེད། 

         གནད་དོན་ཆུང་ཙག་འཕྲད་པར་སེམས་ཁྲལ་བྱེད་པ།

         གལ་སྲིད་ཁྱེད་ཀྱིས་རྟག་པར་གནས་ཚུལ་ཆུང་ཙག་ལ་སེམས་ཁྲལ་བྱས་ནས་བསྡད་ན། ཁྱེད་ཀྱི་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་མནར་སྲིད།


         གྲོས་འགོ སེམས་མ་སྐྱིད་པ་བྱུང་སྐབས་དབུགས་རིང་ཞིག་བཏང་ནས་ཕྱིར་ལུས་སྦྱོང་བྱེད་པར་བསྐྱོད་པ་དང་། རོགས་པ་དང་མཉམ་དུ་གནས་ཚུལ་ལ་གྲོས་བསྡུར་སོགས་བྱས་ཚེ་སེམས་གུ་ཡངས་སུ་འགྲོ་སྲིད་ལ། གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཀྱང་རྙེད་སྲིད། 

         གཞན་གྱི་རེ་བ་ཚང་མ་ཁས་བླངས་ན་རང་ཉིད་དཀའ་ལས་ཁག་པོ་ཡོང་སྲིད། 

         རང་ཉིད་ཀྱི་ནུས་ཚོད་ལས་འགལ་བའི་གཞན་གྱི་རེ་བ་ཚང་མ་སྒྲུབ་རོགས་བྱས་ན། རང་ཉིད་དཀའ་ལས་ཁག་པོ་ཡོང་བ་མ་ཟད། གནོན་ཤུགས་ཀྱང་ངེས་ཅན་ཞིག་ཡོང་སྲིད། དེས་མ་ཚད། ཡུན་རིང་པོ་ཕྱིན་ན་ཞེ་སྡང་དང་འཁོན་འཛིན་གྱི་བསམ་བློ་ཡང་ངང་གིས་ཐོན་སྲིད། 


         གྲོས་འགོ དུས་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་དགའ་པོ་མེད་པའི་བྱ་བ་ལ་ཁས་ལེན་མི་བྱེད་པ་དང་། འདོད་པ་སྐོང་མི་ཐུབ་པའི་རེ་ཞུ་འཕྲད་ཚེ་མ་འཇོན་འཇོན་མདོག་བྱེད་རྒྱུ་མེད།

         བྱ་བ་ཐམས་ཅད་ཡག་པོ་ཡོང་ཐབས་བྱེད་དགོས། 

         ཉེའུ་གཡོད་སློབ་ཆེན་གསོ་རིག་སློབ་གླིང་གི་སྨྱོ་ནད་རིག་པའི་དགེ་རྒན་ཆེ་མོ་བས་གསུངས་དོན།  བྱ་བ་ཐམས་ཅད་ཡག་ཐོག་ཡག་བརྩེགས་དགོས་ན། ལས་ཀ་སྔར་ལས་ཁག་ཏུ་འགྲོ་རྒྱུ་ཡིན་ལ་དུས་ཚོད་ཀྱང་དེ་བས་རིང་དུ་འགྲོ་སྲིད། 


         གྲོས་འགོ  ལས་ཀ་བྱེད་པའི་དུས་ཚོད་ལ་ཚད་འགག་བཟོས་པ་དང་ངེས་པར་དུ་འཆར་གཞི་ལྟར་ལག་ལེན་བསྟར་དགོས། དུས་ཡུན་ངེས་ཅན་སོང་རྗེས། དེས་ལས་ཀར་ཕན་འབྲས་ཆེན་པོ་ཐོན་གྱི་མེད་པ་ཁྱེད་ཀྱིས་ཤེས་ཀྱི་རེད།

         ཟང་ངེ་ཟིང་ངེའི་གཞུང་ལས་ཁང་གི་སྒྲོག་ཙེ།

         ཕུའུ་ལིན་སི་ཏུན་སློབ་ཆེན་གྱི་ཞིབ་འཇུག་ལས་མངོན་དོན། གཙང་སྦྲ་མེད་པའི་གཞུང་ལས་ཁང་གིས་མི་རྣམས་ལ་བློ་རྩེ་གཅིག་སྒྲིམ་བྱེད་མ་ཐུབ་པ་མ་ཟད།  བསམ་བློ་གཏོང་བར་འགོག་རྐྱེན་བཟོ་གི་ཡོད། 


         གྲོས་འགོ ཡིག་ཆ་སོགས་ལས་ཀའི་དགོས་མཁོ་བཞིན་བསྡུ་གསོག་ཡག་པོ་རྒྱག་པ་དང་གྲལ་སྒྲིག་པོ་བཟོས་ན། ལས་ཀ་བྱེད་པར་ཡང་ཕན་ཐོགས་ཆེའོ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1