གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༢༡ཉིན།

༄༅།། འཕྲིན་ཕྲན་ཐོག་བྱ་སྤྱོད་འདི་དག་སྤེལ་ན་ཐོ་ཨང་གཏན་དུ་བཀག་རྒྱུ་རེད།


         ཟླ་6ཚེས་9ཉིན། འཕྲིན་ཕྲིན་ནས་ལས་སྟེགས་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྤྱི་བསྒྲགས་བྱས་པ་གཤམ་གསལ། 
         འཕྲིན་ཕྲན་གྱིས་སྤྱོད་མཁན་ལ་ལྗང་མདོག་དང་སྐྱོན་བྲལ་གྱི་དྲ་རྒྱའི་སྐྱེ་ཁམས་ཁོར་ཡུག་མཁོ་འདོན་བྱ་རྒྱུར་གཞོལ་ནས། ལས་སྟེགས་སུ་གནས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན། སྤྱོད་མཁན་གྱི་ཉམས་ལེན་སྔར་བས་ལེགས་སུ་གཏོང་བ་དང་། སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་ཆེད།《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་གཏན་འབེབས》དང་《དྲ་སྦྲེལ་སྤྱོད་མཁན་གྱི་སྤྱི་པའི་རྩིས་ཁྲའི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》སོགས་ཀྱི་བླང་བྱ་ལྟར། འཕྲིན་ཕྲན་ལས་སྟེགས་ཀྱི་འབྲེལ་ཡོད་ཞབས་ཞུའི་གྲོས་མཐུན་དང་དེ་བཞིན་གཉེར་སྐྱོང་ཚད་གཞི་གཞིར་བཟུང་ནས། དེ་རིང་ནས་བཟུང་། གཤམ་གསལ་བྱ་སྤྱོད་ལ་དམིགས་ཏེ་གཙང་བཤེར་བྱ་རྒྱུ་སྟེ།
         1.ལོ་རྒྱུས་དོན་སྟོང་རིང་ལུགས་ཀྱི་ནོར་འཁྲུལ་གྱི་གཏམ་བཤད་ཁྱབ་སྤེལ་བྱེད་པ་དང་། ངན་སེམས་བཅངས་བཞིན་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དམག་དཔུང་གི་ལོ་རྒྱུས་བཅས་ལ་འཁྱོག་བཤད་དང་། དམའ་འབེབས་གཏོང་བ། ཁས་མི་ལེན་པ་སོགས་ཀྱི་ནང་དོན་ཡོད་རིགས་དང་།
         2.ཆགས་སྲེད་ཐ་ཤལ་དང་ཁྲག་དྲི་བྲོ་བའི་དྲག་ཤུགས་དང་འཇིགས་སྐུལ་རྨོངས་དད་སོགས་གནོད་ཡོད་ཆ་འཕྲིན་ནམ་དཔེ་སྐྲུན་དངོས་པོ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པ། 
         3.སྤྱི་པའི་སྒྲིག་སྲོལ་བཟང་པོ་དང་འགལ་ཞིང་། སྤྱི་ཚོགས་ཀྱི་དར་སྲོལ་ལ་སྦགས་བཙོག་བཟོ་པ། མ་རབས་ཐ་ཤལ་དང་“འདོད་ལོག་”ཁྱབ་སྤེལ་དང་འུད་སྒྲོག་བྱེད་པ་དང་། དེ་བཞིན་ངག་འཆལ་དང་། ཞབས་འདྲེན་གྱི་གནས་ཚུལ། སྤྱོད་ངན་སོགས་འུད་སྒྲོག་བྱེད་པ། གཟབ་ནན་གྱི་བརྗོད་བྱ་རོལ་རྩེད་ཅན་དུ་འགྱུར་བ་བྱེད་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལས་འགལ་བའི་ནང་དོན་ཡོད་རིགས། 
         གོང་གསལ་གྱི་བྱ་སྤྱོད་གནས་པའི་ཐོ་ཨང་(དེའི་ནང་སྤྱི་སྟེགས་།གོ་རིམ་ཆུང་གྲས།བརྙན་ལམ་ཨང་གྲངས་སོགས་ཚུད་མོད་དེ་དག་གིས་མི་ཚད་པ)ཡིན་ཕྱིན་ལས་སྟེགས་ཀྱིས་རྩད་ཆོད་མཐའ་གསལ་བྱུང་རྗེས།དེ་མཚུངས་ཀྱི་ནུས་པར་ཆད་པ་གཅོད་རྒྱུ་དང་འབྲེལ་ཡོད་ནང་དོན་བསུབ་རྒྱུ་ཡིན། ཐག་གཅོད་ཐེངས་མང་བྱས་ཀྱང་སྔར་བཞིན་མུ་མཐུད་སྒྲིག་འགལ་གྱི་ནང་དོན་ཁྱབ་བསྒྲགས་བྱེད་པའམ་ཡང་ན་རྐང་བཙུགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགོག་རྒོལ་བྱས་པའི་ཐོ་ཨང་ལ་དམིགས་ནས་ལས་སྟེགས་ཀྱིས་ཐོ་ཨང་ཡུན་གཏན་དུ་བཀག་སྡོམ་བྱེད་པ་དང་སྤྱོད་མཚམས་གཅོད་རྒྱུ་ཡིན། 
         འཕྲིན་ཕྲན་གྱིས་ལས་སྟེགས་ཁྲོད་ཀྱི་ཆ་འཕྲིན་ངན་པ་མུ་མཐུད་གཙང་སེལ་བྱས་པར་བརྟེན་ནས་ཐོ་ཨང་ལ་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་ལྟ་བའི་ནང་དོན་ཁྱབ་བསྒྲགས་བྱ་རྒྱུར་རང་འགུལ་ངང་ཁྲིད་སྟོན་བྱ་རྒྱུ་མ་ཟད། སྤྱོད་མཁན་གྱིས་ཐེར་འདོན་དང་། ལག་རྩལ་གྱི་ཞིབ་བཤེར་གཏན་འབེབས། མིའི་ཐབས་ལ་བརྟེན་ནས་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་སྟེགས་ཀྱི་ནང་དོན་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཇེ་ཆེ་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན། ཚང་མས་ཁུངས་སྣེ་དེ་བས་མང་བ་མཁོ་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་ང་ཚོས་ཀྱང་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་སྐྱོན་དང་བྲལ་བའི་དྲ་རྒྱའི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1