གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༢༨ཉིན།

མིའི་ཚེ་ཐག་ལོ་150བར་སླེབས་སྲིད།


    ཅི་ཉི་སི་འཛམ་གླིང་ཟིན་ཐོ་ནང་འཚོ་བཞིན་པའི་ཚེ་ཐག་རིང་ཤོས་ཀྱི་བགྲེས་སོང་ནི་ལྗར་པན་གྱི་བུད་མེད་ཐན་ཀྲུང་ལེ་ཙི་ལགས་ཡིན་པ་དང་ཁོང་མོས་ད་ལོའི་ཟླ་1ཚེས་2ཉིན་ཁོང་མོའི་ལོ་118ཡི་སྐྱེས་སྐར་བཏང་བ་བཀོད་ཡོད། མིག་སྔར། གོ་ལ་ཡོངས་ཀྱི་སྔོན་དཔག་བྱས་པའི་ཆ་སྙོམས་ཀྱི་ཚེ་ཐག་ལོ་73ཡིན། 1950ལོ་ལ་སྔོན་དཔག་ལོ་ཚོད་དེ་ལོ་47རེད། འོ་ན། མི་རྣམས་ཀྱིས་མིའི་རིགས་ཀྱི་ཚེ་ཐག་ཡང་སྙིང་ག་ཚོད་རིང་སྲིད་དམ་ཞེས་འདྲི་སྲིད། 
   ཨ་རིའི་ལའོ་སི་ཝེར་སྤྱི་གླིང་སྐྲན་ནད་ཞིབ་འཇུག་ལྟེ་གནས་དང་སིང་ག་ཕོར་སྐྱེ་དངོས་ལག་རྩལ་ཀུང་སིའི་ཞིབ་འཇུག་ཚོགས་པས་མཉམ་འབྲེལ་ཞིབ་འཇུག་གསར་ཤོས་ལས་བསྟན་དོན། མིའི་རིགས་ཀྱི་ཚེ་ཐག་ནི་ལོ་120བར་སླེབས་པ་དང་། ཆེས་རིང་ན་ལོ་150བར་སླེབས་སྲིད། ཞིབ་འཇུག་འདི་ནི་ཨ་རི་དང་དབྱིན་ཇི། ཨུ་རུ་སུ་བཅས་ནས་ལོ་མི་འདྲ་བའི་དང་བླངས་པ་544398ཀྱི་གསོ་རིག་གཞི་གྲངས་ཐོག་བཙུགས་པ་རེད། ཚོགས་པས་དང་བླངས་པའི་ཁྲག་གི་མ་དཔེ་དང་། སྨན་བཅོས་གཞི་གྲངས་སོགས་ལ་དབྱེ་ཞིབ་བྱས་ནས། མིའི་གཟུགས་པོ་ཉམས་ཚད་ཀྱི་དམིགས་ཚད་གསར་པ་སྟེ་མིའི་གཟུགས་པོའི་སྐྱེ་དངོས་འགུལ་རྣམ་གྱི་དམིགས་ཚད་རྙེད་པ་རེད། 
   ཞིབ་འཇུག་པས་མིའི་ཚེ་ཐག་ཐག་གཅོད་པའི་རྒྱུ་རྐྱེན་གཉིས་ཡོད་པར་འདོད། གཅིག་ནི་ང་ཚོའི་སྐྱེས་དངོས་ཀྱི་ལོ་ཚོད་དང་། གཉིས་ནི་མིའི་གཟུགས་པོའི་“ལྡེམ་ཤུགས་”ཞེས་པ་སྟེ། དེ་ལ་རང་ངོས་བསྐྱར་གསོའི་ནུས་པའང་ཟེར། དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་སྟེ་འབུམ་རམས་པ་ཏི་མོ་ཞི་ཕིར་ཁོ་ཧྥུའུ་ཡིས། ལོ་120དང་150ཡི་བར། མིའི་གཟུགས་པོའི་“ལྡེམ་ཤུགས”ཚང་མ་ཉམས་སྲིད་པ་དང་སྐབས་དེར་ཚེ་ཐག་རིང་ཚད་ཀྱང་སླེབས་སྲིད།  སྨན་བཅོས་ལག་རྩལ་ཇེ་བཟང་ལ་འགྲོ་བ་དང་བསྟུན་སྐྱེ་དངོས་ཚན་རྩལ་ཡར་ཐོན་འགྲོ་བཞིན་ཡོད་པས།  མིའི་རིགས་ཀྱང་ལོ་150སྟེ་ཆེ་སྲོག་གི་མཐའ་ཚད་འདི་ལ་ཉེ་བར་བཅར་བཞིན་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1