གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

འཕན་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༣༠ཉིན།

༄༅།། ལོ་བརྒྱའི་གཟི་བརྗིད།


འཕན་བུ།

ལོ་རྒྱུས་སྲིད་པའི་གླེགས་བམ་སྟེང་། །

ལོ་རབས་གསར་པའི་དབུ་ཁྱུད་བྲིས། །

ལོ་ཟླ་ཞག་གི་འཕོ་འགྱུར་གྲངས། །

ལོ་ངོ་བརྒྱ་ཡི་རུ་མར་ཆགས། །

མར་ལེ་རིག་པའི་གཞུང་ལུགས་ཀྱིས། །

ཡང་དག་ཏང་གི་དབུ་ཁྲིད་བྱས། །

རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ཀྱིས། །

ལོ་ངོ་བརྒྱ་ཡི་རྡོ་རིང་བཞེངས། །

ང་དྲུག་མི་རིགས་མཐུན་སྒྲིལ་གྱིས། །

ཀྲུང་ཧྭའི་སྲིད་འབྱོར་རིག་གསུམ་བསྐྲུན། །

ཚན་རྩལ་དར་ཆ་མཐོར་བསྒྲེངས་ནས། །

ལོ་ངོ་བརྒྱ་ཡི་དཔལ་ཡོན་བསུ། ། 

39.7K

རྩོམ་ཡིག་རྗེས་མ།
༄༅།། ལོ་བརྒྱའི་གཟི་འོད།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1