གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༥ཉིན།

ཨ་རིས་ཏོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་ཐུབ་པའི་ཁ་རས་ཞིག་བཟོས་འདུག


 
   ཟླ་6ཚེས་30ཉིན། ཨ་རིའི་རྒྱ་ཡིག་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་ཧ་ཝུར་སློབ་ཆེན་དང་མཱ་ས་ཀྲུའུ་ས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཚན་རིག་མཁས་ཅན་གྱིས་ཏོག་གསར་ནད་དུག་ལ་ཞིབ་དཔྱད་ཚད་ལེན་ཐུབ་པའི་ཁ་རས་ཞིག་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་རེད། 
   གནས་ཚུལ་སྤེལ་བར་གཞིགས་ན། ཁ་རས་དེ་རིགས་ཀྱི་འཐག་རས་ནང་སྐྱེ་དངོས་ཚོར་འདྲེན་ཡོ་ཆས་ཤིག་བཅུག་ཡོད་ཅིང་། དེ་གྲུང་སྐུལ་བྱས་ཚེ་ཁ་རས་ནང་དུ་ཏོག་གསར་ནད་དུག་ཡོད་མེད་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དེའི་ཐོག་ནས་ཁ་རས་རྒྱག་མཁན་ལ་ཏོག་གསར་ནད་དུག་འགོས་ཡོད་མེད་ཀྱི་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད།
ཁ་རས་དེས་སྐར་མ་90ཡི་ནང་དུ་མཇུག་འབྲས་ལ་ཞིབ་བཤེར་བྱེད་ཐུབ་ཟེར། 
   ཚན་རིག་པས་ཚོར་འདྲེན་འཕྲུལ་ཆས་དེ་རིགས་སྨན་པ་སོགས་ལས་མི་རྣམས་ཀྱི་གྱོན་ཆས་ལའང་སྤྱོད་ཆོག་པ་མ་ཟད། ཁོང་ཚོ་ཏོག་གསར་ནད་དུག་གི་འོག་ཏུ་ལུས་ཡོད་མེད་ལ་བརྟག་དཔྱད་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཚན་རིག་པའི་བསམ་པར་ལག་རྩལ་དེ་རིགས་མ་འོངས་པར་དུག་སྲིན་དང་། དུག་རྫས། རྫས་འགྱུར་དངོས་རྫས་བཅས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ཐད་ཀྱང་སྤྱོད་ཆོག་པ་རེད། 
   གནས་ཚུལ་སྤེལ་བར་གཞིགས་ན། ཚན་རིག་མཁས་ཅན་དེ་དག་གིས་2015ལོ་ནས་བཟུང་ཚན་རྩལ་དེར་ཞིབ་འཇུག་བྱེད་འགོ་བཙུགས་པ་དང་། མ་གཞི་ཀྲའེ་ཁ་དང་ཨའེ་པོ་ལ་སོགས་ཀྱི་ནད་དུག་ཞིབ་དཔྱད་ཐད་སྤྱོད་ཐུབ་རེ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཏོག་གསར་ནད་དུག་རིམས་ནད་ཐོན་རྗེས་ཁོང་ཚོས་ལག་རྩལ་དེ་ཁ་རས་ནང་སྤྱད་པ་མ་ཟད་གྲུབ་འབྲས་ཀྱང་ཐོབ་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1