གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༩ཉིན།

མོའོ་རྫོང་དུ་དམར་དམག་རྒྱང་སྐྱོད་སྐོར་གྱི་འགྲེམས་སྟོན་བྱས།


    གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཉེ་ཆར། མའོ་རྫོང་རིག་གནས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་དམར་དམག་ཆའང་རིགས་གྲོང་ཚོ་བརྒལ་བའི་འགྲེམས་སྟོན་དེ་མའོ་རྫོང་ཆའང་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ། ད་ཐེངས་ཀྱི་འགྲེམས་སྟོན་དེ་དམར་དམག་བྱང་གྲོང་དུ་སྐྱོད་པ་དང་བྱང་གྲོང་དུ་དམར་དམག་བསུ། སུའུ་ཝེ་ཨེད་འཛུགས་པ། སྐར་ལྔའི་དར་ཆ་བཅས་ཁག་བཞི་ལ་དབྱེ་ཡོད་པ་རེད། རི་མོ་དང་ཡི་གེ་མཉམ་དུ་བྲིས་པའི་རྣམ་པའི་ཐོག་ནས་དམར་དམག་རྒྱང་སྐྱོད་ཀྱི་མའོ་རྫོང་གི་ལོ་རྒྱུས་ཀྱི་རི་མོ་བསྐྱར་དུ་མངོན་པར་བྱས་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ལས་ཁུངས་དང་སློབ་གྲྭ་འབྲིང་ཆུང་། གྲོང་ཚོ་དང་ཚན་ཆུང་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཏེ་མང་ཚོགས་དེ་བས་མང་པས་གསར་བརྗེའི་གཏམ་རྒྱུད་ཤེས་རྟོགས་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱས་ནས་གསར་བརྗེའི་གཞི་རྒྱུ་དང་གསར་བརྗེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1