གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།། “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས།

        གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། རང་ཉིད་ཏང་གི་དར་ཆའི་ཕྱོགས་སུ་འཁོར་ནས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་པའི་དུས་དེ་ནས་བཟུང་། རང་ཉིད་ནི་སྤྱིར་བཏང་གི་འབངས་མི་ཕལ་བ་ཞིག་མིན་པར། འབངས་མི་སེར་གྱི་ཚད་གཞི་བལྟ་ས་དང་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་པ་མཚོན་པས། དུས་རྒྱུན་དུ་གཞན་ཀུན་གྱིས་ཤེས་ཐུབ་པ་ཞིག་དང་། དཀའ་ཁག་ཡོད་པའི་སྐབས་སུ་ཡར་ལངས་ཐུབ་པ་ཞིག་དང་། ཉེན་ཁར་འཕྲད་པའི་དུས་སུ་གདོང་ལ་འབུད་ཐུབ་པ་ཞིག་བྱས་ཏེ། ངེས་པ་དོན་གྱིས་ཆབ་སྲིད་ལ་དོ་སྣང་དང་། དད་སེམས་ཡོད་པ། སྲོལ་ལུགས་ལ་དོ་སྣང་དང་། སྒྲིག་ཁྲིམས་ཡོད་པ། ཀུན་སྤྱོད་ལ་དོ་སྣང་དང་། གཤིས་སྤྱོད་ལེགས་པ། གསོལ་འབུལ་ལ་དོ་སྣང་དང་བྱས་རྗེས་ཡོད་པའི་ཚད་ལྡན་གྱི་ཏང་ཡོན་ཞིག་ཏུ་འགྱུར་ཐུབ་པར་བྱེད་དགོས་ཤིང་། ཕྱིའི་རྣམ་པའི་སྟེང་ནས་ཏང་ནང་དུ་ཞུགས་ཐུབ་པར་མ་ཟད། དེ་བས་ཀྱང་བསམ་བློ་དང་བྱ་སྤྱོད་ཀྱི་སྟེང་ནས་ཏང་ནང་དུ་ཞུགས་ཐུབ་པ་བྱེད་དགོས་ལ། “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས།
        “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས་ན། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཕུགས་བསམ་དང་ཡིད་ཆེས་འགྱུར་མེད་སྲ་བརྟན་དུ་གཏོང་དགོས་པ་ཡིན། འགྱུར་མེད་སྲ་བརྟན་གྱི་ཕུགས་བསམ་དང་ཡིད་ཆེས་ནི་གུང་ཁྲན་ཏང་ཡོན་ཞིག་ལུས་ཚུགས་པའི་རྩ་བ་ཡིན་ཞིང་། སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་ཡང་དག་སྲོལ་བཟང་གི་བླ་སྲོག་ལྟ་བུ་ཡིན། འོན་ཀྱང་གུང་ཁྲན་ཏང་མིའི་ཕུགས་བསམ་ཡིད་ཆེས་ནི་མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་པ་ཞིག་ཡིན། གུང་ཁྲན་ཏང་ཡོན་གྱིས་ཕུགས་བསམ་ཡིད་ཆེས་འགྱུར་མེད་སྲ་བརྟན་དུ་གཏོང་དགོས་ན། ཏང་གི་དར་ཆའི་མདུན་གྱི་བརྗིད་ཉམས་ལྡན་པའི་དམ་བཅའ་འཇོག་པར་བརྟེན་དགོས་པར་མ་ཟད། ད་དུང་སྒྲིག་ལམ་ཁྲིམས་སྲོལ་གྱི་གཟབ་ནན་གཅུན་འདོམས་ལའང་བརྟེན་དགོས་ཤིང་། རྒྱུན་ཆད་མེད་པའི་སློབ་སྦྱོང་དང་ལག་ལེན་ལ་དེ་བས་ཀྱང་བརྟེན་དགོས། དེའི་ཕྱིར། གུང་ཁྲན་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཕུགས་བསམ་དང་ཡིད་ཆེས་འགྱུར་མེད་སྲ་བརྟན་དུ་གཏོང་བའི་ཆེས་གཙོ་བོ་དང་། ཡུན་རིང་དུ་བསྒྲུབ་རྒྱུའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས། ལོ་རྒྱུས་དང་དངོས་ཡོད་ཀྱི་གཅིག་གྱུར་ཁྲོད་དང་། གཞུང་ལུགས་དང་ལག་ལེན་གྱི་གཅིག་གྱུར་ཁྲོད་དང་། འགྱུར་བ་དང་མི་འགྱུར་བའི་གཅིག་གྱུར་གྱི་ཁྲོད་དུ། རྒྱུན་ཆད་མེད་པར་དེའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཁ་མིན་དོན་གྱིས་སྔར་ཡོད་ཀྱི་སློབ་སྦྱོང་གི་རྨང་གཞིའི་སྟེང་ཡར་རྒྱས་གསར་པ་འབྱུང་བ་དང་མཐོ་ཚད་གསར་པར་བསླེབ་ཏུ་འཇུག་དགོས་ལ། དངོས་གནས་ཀླད་པའི་ནང་གི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལེགས་པར་བཙུགས་ནས། དུས་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་ཐར་ཐོར་གྱི་མངོན་སུམ་ཚོར་སྣང་གི་གོ་བ་ལེན་ཚུལ་དེ་དག་དངོས་གནས་མ་ལག་ཚང་བའི་རྗེས་དཔག་གི་ཤེས་པ་རུ་བསྒྱུར་ཏེ། རིགས་ཤེས་དེ་དག་སེམས་གཏིང་དང་ཁྲག་རྒྱུན་ཁྲོད་འདྲེས་པར་བྱེད་དགོས།
        “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས་ན། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་རང་ཉིད་གསར་བརྗེ་བྱེད་ཕོད་དགོས། ཏང་གཤིས་བློ་སྦྱོང་ནི་ཏང་ཡོན་གྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་ཁྲོད་རང་རྟོགས་ཀྱིས་ཏང་གཤིས་རྩ་དོན་སྤྱད་ནས་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ནོར་འཁྲུལ་གྱི་བསམ་བློ་སྣ་ཚོགས་ཁྱད་བསད་དང་བཀག་འགོག་བྱས་ནས། རྒྱུན་ཆད་མེད་པར་རང་ངོས་ཀྱི་འཇིག་རྟེན་བསྒྱུར་བཀོད་དང་རྒྱུན་ཆད་མེད་པར་ལག་ལེན་དང་ངེས་ཤེས་ཀྱི་ཡུལ་ཁམས་གསར་པ་གསར་གཏོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ། ཏང་ཡོན་རྣམས་རང་སྟོབས་དང་རང་གཅུན་གཅིག་གྱུར་ཡོང་དགོས། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོའི་ལམ་ལུགས་ཅན་དང་།“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བླང་བྱར་དམིགས་ནས། ཧུར་ཐག་གིས་ཆབ་སྲིད་སློབ་གསོ་དང་ཆབ་སྲིད་སྦྱོང་བརྡར་ལ་ཞུགས་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་གཟབ་ནན་བྱས་ནས། ཏང་ལ་ཞུགས་པའི་མནའ་ཚིག་དེ་ནང་སེམས་སུ་འཇགས་ཐུབ་པ་དང་། ཕྱིའི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་ཤིང་། རང་ཉིད་འཐུས་ཚང་དུ་ཕྱིན་པར་བརྟེན་ནས། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་དགོས།
        “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས་ན། དམིགས་ཡུལ་གྱི་འདུ་ཤེས་ལག་ལེན་བསྟར་ནས། དམངས་ལ་བཅངས་པའི་བརྩེ་སེམས་དམ་སྲུང་བྱེད་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་ཏང་གི་རྩ་བའི་དམིགས་ཡུལ་ཡིན། གུང་ཁྲན་ཏང་ཡོན་སྤྱི་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དམིགས་ཡུལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་དམངས་ལ་བཅངས་པའི་བརྩེ་སེམས་དམ་སྲུང་བྱས་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་སྒྲུབ་གསར་གཏོད་ཀྱི་སྟེགས་བུ་ལ་གཅེས་སྤྲས་བྱེད་དགོས་ཤིང་། ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། དབང་ཆའི་ལྟ་ཚུལ་བཅས་ལེགས་པར་བཙུགས་ནས། བརྩེ་སེམས་ཀྱི་ཐད་ནས་མང་ཚོགས་ལ་དམ་པོར་ཉེ་བར་བཅར་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས་ལ། སྤྱི་ཞབས་པའི་ཐོབ་ཐང་ནམ་ཡང་སེམས་ནས་མི་བརྗེད་པར། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བདེ་སྡུག་བསམ་པ་དང་། མང་ཚོགས་ཀྱི་འབོད་སྐད་དང་བསམ་འཆར་ལ་ཉན་དགོས། མི་དམངས་ཀྱིས་བརྩི་བཀུར་བྱེད་དང་མི་བྱེད་པ། མི་དམངས་ཀྱི་བློ་ཡིད་ཚིམ་དང་མི་ཚིམ་པ། མི་དམངས་ཀྱིས་ཁས་ལེན་དང་མི་ལེན་པ་དེ་བྱ་བའི་གཞི་ཚུགས་ས་དང་མགོ་རྩོམ་ས་བྱེད་པའི་ཐོག་ནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་འབྲེལ་ཡོད་ཀྱི་མངོན་སུམ་གནད་དོན་རྣམས་ཐག་གཅོད་ལེགས་པོ་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།
        “གུང་ཁྲན་ཏང་ཡོན”ཞེས་པ་དེ་མི་ཚེ་གཅིག་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དུ་བརྩི་དགོས་ན། སྲིད་དོན་གཙང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བཟོས་ནས། རང་རྟོགས་ཀྱིས་སྒྲིག་བརྩི་ཁྲིམས་སྲུང་བྱེད་དགོས། སྤྱོད་གཙང་རང་གཅུན་ནི་ཡུན་རིང་གི་བརྗོད་གཞི་ཡིན་པར་མ་ཟད། མི་ཚེ་གང་བོའི་ཞིབ་འཇུག་བྱ་གཞི་ཡང་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཞིག་ལུས་ཚུགས་ཐུབ་པའི་གཞི་རྩ་དང་དོན་དག་ཐག་གཅོད་པའི་ཐབས་ལམ་ཡང་ཡིན། གུང་ཁྲན་ཏང་ཡོན་རྣམས་ཀྱིས་རང་འགུལ་ངང་སྤྱོད་གཙང་རང་གཅུན་གྱི་ངོས་ཟིན་ཇེ་མཐོར་གཏོང་དགོས་པ་དང་། རང་རྟོགས་ངང་སྤྱོད་གཙང་རང་གཅུན་བྱེད་པ་དེ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་རྨང་གཞིའི་འགན་སྲུང་དུ་བརྩིས་ཏེ། སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་དེ་ལས་འགན་ལག་བསྟར་ཅི་ལྕོགས་ཀྱིས་སྒྲུབ་པའི་ཆེས་མ་མཐའི་བླང་བྱ་རུ་འཛིན་དགོས་ཤིང་། དེ་ནས་རྒྱུན་མི་ཆད་པར་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས། ཡིན་མིན་བདེན་རྫུན་གསལ་འབྱེད་དང་མི་ཚེ་ལ་ཞིབ་ལྟ་བྱེད་པའི་ཁྲོད་ནས། ཕུན་སུམ་ཚོགས་པའི་འཚོ་བཅུད་སྡུད་ལེན་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་རང་ཉིད་ཀྱི་བསམ་བློའི་ཚད་རིམ་དང་ཀུན་སྤྱོད་བློ་སྦྱོང་སྔར་ལས་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་རང་གཅུན་རྩ་བར་འཛིན་པ་དང་སྲིད་དོན་གཙང་སྐྱོང་མགོ་འཛུགས་ས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རྟག་ཏུ་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཁྲིམས་སྲོལ་མདུན་ཐད་ལ་བཞག་པའི་ཁར། ནམ་རྒྱུན་དུ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིའི་ཁྲོད་ཀྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་དག་ལ་ཞིབ་ཏུ་བསྡུར་བའི་ནང་ནས་བསླབ་བྱ་བསྡུ་ལེན་བྱེད་དགོས་པ་དང་། རང་ཉིད་ལ་དྲན་སྐུལ་བྱས་ནས་སྤྱི་དོན་དུ་ཏང་འཛུགས་མཁན་ཞིག་བྱས་ཏེ་དབང་ཆའི་འགག་སྒོ་ལས་ཡག་པོ་བརྒལ་བ་དང་། ཧམ་སེམས་བདག་བཟུང་མི་བྱེད་པར་དངུལ་ལོར་གྱི་འགག་སྒོ་ལས་ཡག་པོ་བརྒལ་བ། དགའ་ཕྱོགས་བཟང་པོས་འགྲོ་འོང་གི་འགག་སྒོ་ལས་ཡག་པོ་བརྒལ་བ་བཅས་རྒྱུན་འཁྱོངས་བྱས་ཐོག དངོས་གནས་སྲིད་དོན་སྐྱོང་བའི་སྤྱོད་བཟང་རྒྱུན་པར་ཉམས་སུ་ལེན་དགོས་པ་དང་། འདོད་རྔམ་གྱི་གནོད་འཚེ་ལ་རྟག་ཏུ་བསམ་བློ་གཏོང་བ། རང་གཅུན་གྱི་བསམ་པ་རྟག་ཏུ་ཡིད་ལ་སྒོམ་པ། རང་ཉིད་ཀྱི་བགོ་སྐལ་མ་ཡིན་པའི་བཟང་ཆ་ཐོབ་འདོད་ཀྱི་སྟོང་བསམ་འཆང་བ་དག་རྒྱུན་དུ་སེལ་ཞིང་མེད་པར་བཟོས་ནས། བསམ་ཚུལ་མི་ལེགས་པ་དེ་རིགས་ཡོངས་སུ་བསྒྱུར་རྗེས་གསར་བརྗེའི་དཔའ་སེམས་རབ་ཏུ་རྒྱས་པ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་རྣམ་པ་རྒྱུན་སྲུང་ཐུབ་པའི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བར་བརྩོན་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1