གཙོ་ངོས།>> དམངས་སྲོལ།>>བཟའ་ཆས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༦ཉིན།

༄༅།།བདེ་ཆེན་ཁུལ་གྱིས་བཟའ་ཆས་ཐོན་སྐྱེད་དང་སྐྱེལ་འདྲེན་གྱི་ལྟ་སྐུལ་ཤུགས་ཆེ་རུ་གཏོང་བ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བཟའ་ཆས་ཐོན་སྐྱེད་དང་སྐྱེལ་འདྲེན་མངའ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཆེ་རུ་བཏང་ནས་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་ནས་མདུན་དུ་སྐྱོད།ལོ་སྟོད་དུ། ཁུལ་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་ཆས་ཐོན་སྐྱེད་ཁེ་ལས20ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ། རྫུན་རྫུས་ཞན་གསུམ་གྱི་བཟའ་ཆས་ཐོན་སྐྱེད་དང་ཚོང་གཉེར་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་བ་དང་། གྲོང་གསེབ་བཟའ་ཆས་ཚོང་རའི་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་བ། བཟའ་ཆས་ཀྱི་སྦྱོར་རྟ་དང་ཟ་མི་ངེས་པའི་དངོས་རྫས་ལ་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་བ། བཟའ་ཆས་བཟོ་གྲྭ་ནས་ཐོན་དུས་ལྟ་སྐུལ་ནན་པོ་བྱེད་པ་དང་། ཐོན་སྐྱེད་དང་ལས་སྣོན་བྱེད་དུས་བཟའ་ཆས་བདེ་འཇགས་ཀྱི་ལྟ་སྐུལ་དང་ཞིབ་བཤེར་ཤུགས་ཆེར་གཏོང་བ། བཟའ་ཆས་ཐོན་སྐྱེད་ཁེ་ལས་དང་བཟོ་གྲྭ་ཆུང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁུལ་ཡོངས་ཀྱི་བཟའ་ཆས་ཐོན་སྐྱེད་ཁེ་ལས་ལ་ཡོངས་བཤེར་དང་ལེགས་སྒྲིག་བྱེད་པའི་ལས་ཀར་དམ་འཛིན་བྱས་ནས་བཟའ་ཆས་བདེ་འཇགས་ཀྱི་ལེགས་སྒྲིག་བྱ་ཐབས་ཁེ་ལས་ཡོངས་དང་། ལས་སྣོན་བརྒྱུད་རིམ་ཡོངས། ཐོན་རྫས་རེ་རེ་ལ་དོན་འཁྱོལ་བྱས། བཟའ་ཆས་སྐྱེལ་འདྲེན་ལ་ལྟ་སྐུལ་དོ་དམ་བྱེད་དུས། རིགས་མི་འདྲ་བའི་ཆེད་དོན་ཞིབ་བཤེར་སྤེལ་བས། གཙོ་བོར་གྲོང་གསེབ་བཟའ་ཆས་ཚོང་རའི་ཕྲུ་གུ་དམར་འབྱར་གྱི་རྫས་སྦྱོར་འོ་རྩམ་དང་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་བཟའ་ཆས་ལ་ཞིབ་བཤེར་བྱས་པ། བསྡོམས་ཏེ་ཁྲིམས་འཛིན་མི་སྣ744མངག་གཏོང་བྱས་པ་དང་། ཚོང་གཉེར་དུད་ཁ2596ལ་ཞིབ་བཤེར་བྱས་པས། སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་ཚར་བའི་བཟའ་ཆས་ཀྱི་དོན་རྐྱེན་ཁག49ཞིབ་བཤེར་ཐག་གཅོད་བྱས་ཤིང་། སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའིབཟའ་ཆས་སྤྱི་རྒྱ5120བཀག་ཉར་བྱས་པ་དང་དངུལ་སྒོར་ཁྲི14.6དངུལ་ཆད་གཅོད་པའམ་གཞུང་བཞེས་བཏང་བ་རེད། ། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1