གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༧ཉིན།

༄༅།། འདག་རྫས་སྣ་ཚོགས་ཀྱི་ལྦུ་བ་ཚང་མ་དཀར་པོ་ཡིན་དོན་ཅི།


        ཁྲོམ་རའི་ཐོག་ཡོད་པའི་འདག་རྫས་ལ་ཁ་དོག་འདྲ་མིན་སྣ་ཚོགས་ཡོད་པ་དང་། སྐྲ་འཁྲུད་འདག་རྫས་ཡང་དེ་དང་འདྲ། དེ་དག་ཚང་མར་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ལྡན་པ་ནི།འདག་རྫས་ཀྱི་ཁ་དོག་ཅི་ཞིག་ཡིན་རུང་བཀྲུས་ནས་ཐོན་པའི་ལྦུ་བ་ཚང་མ་དཀར་པོ་རེད།

        དེ་ནི་ཅིའི་ཕྱིར་ཡིན་ནམ། འདག་རྫས་ཞུ་ཁུ་དབུགས་ལྒང་གི་ཟླུམ་ངོས་ལ་འོད་འཁྱོག་འཕྲོ་བྱེད་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་དང་། ལྡོག་འཕྲོ་བྱས་པའི་འོད་གང་སར་གྱེས་རྗེས་ང་ཚོའི་མིག་ལམ་དུ་མངོན་པ་ནི་ཁ་དོག་དཀར་པོ་ཡིན་པ་དང་། སྤྱིར་ལྦུ་བ་དེ་ཉིད་ལ་ཁ་དོག་མེད་པ་རེད།

        འོད་དེ་ཡང་འབིགས་རྟོལ་ཐུབ་པ་དང་ཡང་ན་ཤེལ་ངོས་ནས་ལྡོག་འཕྲོ་བྱེད་(镜面反射)ཀྱི་ཡོད། ལྦུ་བ་མང་པོ་མཉམ་དུ་ཡོད་ཚེ་ལྦུ་བ་རེ་རེའི་ཤེལ་ངོས་ལྡོག་འཕྲོ་གཞི་གཅིག་ཏུ་འཛོམས་ནས་མཉམ་དུ་ཕྱོགས་ངེས་མེད་དུ་ལྡོག་འཕྲོ་བྱེད་པ་སྟེ། དཔེར་ན་བྱང་སྣེའི་དོམ་དཀར་གྱི་སྤུ་ལ་སྤྱིར་ཁ་དོག་མེད་ནའང་སྤུ་ཚང་མ་གཅིག་སྡུད་ཀྱིས་མཉམ་དུ་གནས་ཚེ་ཁ་དོག་དཀར་པོ་མངོན་པ་ལྟ་བུའོ།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1