གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༣༡ཉིན།

༄༅།། འཇིག་རྟེན་འཕུར་སྐྱོད་པ་གནམ་གྲུའི་སྡོད་ཁང་གི་ཕྱི་རུ་འགྲོ་སྐབས་སྔོན་ལ་དབྱང་དབུགས་རྔུབ་དགོས་པའི་རྒྱུ་མཚན་ཅི།

        མཁའ་དབྱིངས་སུ། འཇིག་རྟེན་འཕུར་སྐྱོད་པ་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱི་ཕྱི་རུ་ལས་འགན་ལག་བསྟར་བྱེད་དུ་འགྲོ་དགོས་པ་ཡིན་ན། གནམ་གྲུ་སྡོད་ཁང་གི་ཕྱི་རུ་མ་སོང་བའི་སྔོན་གྱི་དུས་ཚོད་གསུམ་རིང་དབྱང་དབུགས་རྔུབ་དགོས་པ་རེད། དེའི་རྒྱུ་མཚན་ནི་འཇིག་རྟེན་འཕུར་སྐྱོད་པ་མཁའ་དབྱིངས་སུ་བསྐྱོད་རྗེས་གནོན་འཕྲིའི་ནད་ལ་གཡོལ་ཅི་ཐུབ་བྱེད་དགོས་པས་རེད། འོ་ན། མི་ལ་ལས་གནོན་འཕྲི་ནད་ནི་ཅི་འདྲ་ཞིག་ཡིན་པ་དང་དབྱང་དབུགས་རྔུབ་ན་གནོན་འཕྲི་ནད་འགོག་ཐུབ་པའི་སྐོར་ལ་དྲི་བ་འདོན་གྱིན་ཡོད།
        ང་ཚོས་ཤེས་གསལ་ལྟར། རླུང་ཁམས་ཆེན་པོས་མིའི་ལུས་པོར་གནོན་ཤུགས་སྟེར་སྲིད་པ་རེད། འོན་ཀྱང་ང་ཚོ་རྒྱུན་པར་ས་ངོས་སུ་སྡོད་ཀྱིན་ཡོད་པས་ཚོར་སྣང་ཅི་ཡང་མེད། དེ་ནི་མིའི་ལུས་སྟེང་གི་གནོན་ཤུགས་དང་རླུང་ཁམས་ཆེན་པོའི་གནོན་ཤུགས་དོ་མཉམ་ཡིན་པའི་རྐྱེན་གྱིས་རེད།གལ་ཏེ་ཕྱི་རོལ་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཚེ། མིའི་ལུས་པོའི་གྲུབ་ཚུལ་དང་གཤེར་གཟུགས་ཁྲོད་ཞུ་བའི་ཏན་རླུང་དེ་ལོགས་སུ་ལུས་པའི་རླུང་གཟུགས་སུ་འགྱུར་བ་དང་། ཁྲག་རྩའི་ནང་དུ་དབུགས་འགོག་གི་ཁྲག་རྩ་འགག་པ་དང་། ཁྲག་རྩའི་ཕྱི་ལོགས་ཀྱི་གྲུབ་ཆ་ཁ་ཤས་ལ་གནོན་ཤུགས་བཏོན་ནས་མིའི་རྐང་ལག་བཞི་པོར་ན་ཟུག་གཏོང་བ་དང་། གདོང་མདོག་སྐྱ་བོར་འགྱུར་བ། རྔུལ་ཆུ་བཞུར་བ།དབུགས་རྔུབ་དཀའ་བ་དང་། རྣ་བའི་ཐོས་ཚོར་ཉམས་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། དེ་ནི་གནོན་ཤུགས་ཇེ་ཆུང་དུ་སོང་བའི་ནད་རེད།
        མིག་སྔར་ལག་རྩལ་གྱི་ཚོད་འཛིན་ཐེབས་པའི་དབང་གིས། འཇིག་རྟེན་འཕུར་སྐྱོད་པའི་ལྭ་བས་རླུང་ཁམས་ཆེན་པོའི་གནོན་ཤུགས་ཀྱི་སུམ་ཆའི་གཅིག་ཡས་མས་མ་གཏོགས་འགོག་ཐུབ་ཀྱིན་མེད། དེར་བརྟེན་འཇིག་རྟེན་འཕུར་སྐྱོད་པ་གནམ་གྲུའི་སྡོད་ཁང་ནང་ནས་ཕྱིར་མ་སོང་གོང་དབྱང་དབུགས་རྔུབ་དགོས། དེ་ལྟར་བྱས་ན་ལུས་སྟེང་གི་གྲུབ་ཆ་དང་གཤེར་གཟུགས་ཁྲོད་ཀྱི་ཏན་རླུང་གང་ཐུབ་ཀྱིས་ཕྱིར་ཕུད་ནས་གནམ་གྲུའི་སྡོད་ཁང་གི་ཕྱིའི་གནོན་འཕྲིའི་ནད་འགོག་ཐུབ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1