གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་པ་པོ། དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།།སྟོན་གྱི་རང་མདངས་ལ་བསྔགས་པ།

    གསེར་ཞུན་འདབ་མའི་རྒྱ་མཚོ་འཁྱིལ་བའི་ཕུན་ཚོགས་འབྲས་ལྡན་དགའ་མའི་བཞིན།  །བསོད་ནམས་སྟོང་གི་ཚོགས་ཀྱིས་བསྐྲུན་པའི་མཆོད་སྦྱིན་གཏེར་གྱི་སྒོ་བརྒྱ་འབྱེད།  །འབྲས་བུའི་ཁུར་ལྕིས་ཡལ་འདབ་དུད་པའི་ས་ལ་རྩི་ཐོགས་སིང་མ་འཐོར།  །དུས་ཀྱི་ཡོ་ལངས་སྟོན་གྱི་འཛུམ་ཟེར་མཐོ་སྒང་ས་ལིའི་ལྗོངས་སུ་འཕྲོས།  །སྔོ་བསང་བུ་མོའི་སྐུ་ཡི་ལང་ཚོ་ཆུ་འཛིན་དར་གྱི་ན་བཟའ་སྒྲོན།  །རྟ་བདུན་དབང་པོའི་སྒེག་པའི་འཛུམ་ཟེར་རི་ཀླུང་འོད་ཀྱི་དྲྭ་བས་དཀྲིགས།  དྭངས་བསིལ་འབབས་ལྡན་དགའ་བའི་བློ་གྲོས་ཡན་ལག་བརྒྱད་ལྡན་བདུད་རྩིར་སྤྲོས།   །མཐོ་རིས་བུ་མོའི་འདོད་པའི་ཡོན་ཏན་གངས་ཅན་ས་ལིའི་ལྗོངས་སུ་བསྐྲུན།   །བོད་ལྗོངས་ཤིས་པའི་ཞི་བའི་བཅིངས་འགྲོལ་བགྲང་བྱ་བདུན་བཅུའི་མཚོན་རྟགས་སུ།  །རྔམ་བརྗིད་ལྡན་པའི་གྲུ་འཛིན་རི་བོའི་པང་གི་ཐང་ཆེན་ཚོགས་རའི་དབུས།  །སྐར་ཚོགས་རྣམ་བཀྲའི་མི་རིགས་སྤུན་ཟླའི་འཛའ་བརྩེའི་མེ་ཏོག་མཉམ་བཞད་ཀྱིས།   །རླབས་ཆེན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བརྗེད་མེད་སེམས་སུ་ཡང་ཡང་བསུ།   །དེ་སྐད་སྨྲ་བའི་སྙན་ཚིག་ངག་གི་འདོད་འཇོའི་བདུད་རྩིའི་རོལ་མོ་ཡིས།   །ཕུན་ཚོགས་འདོད་ཡོན་ལྔ་ལྡན་ཞིང་ནས་ཐོས་འཛིན་དགའ་མའི་བཅུད་སོན་པའི།   །ངོ་མཚར་སྟོང་གི་ཁྱད་དོན་དབྱར་རྔའི་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སུ།  །ཏང་གི་དེབ་གཟུགས་གངས་ལྗོངས་གསལ་བའི་ཉི་གཞོན་འོད་ཀྱིས་ཁྱབ་གྱུར་ཅིག།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1