གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༥ཉིན།

༄༅།། ཀུན་སྤྱོད་ཡག་ན་ལུས་ཕུང་བདེ་ཐང་ཡོང་།


        རང་རྒྱལ་གྱི་སྲོལ་རྒྱུན་ཟུངས་གསོ་རིག་པས་ཀུན་སྤྱོད་ཟུངས་གསོ་ལ་ཧ་ཅང་མཐོང་ཆེན་བྱེད།གནའ་རབས་ཀྱི་ཟུངས་གསོ་བརྩམས་ཆོས《གོང་མའི་གཞུང》གི་ནང་དུ“སྤྱོད་ལམ་ལེགས་ན་ལུས་ཕུང་བདེ་ཐང་ཡོང”བར་བཤད་ཡོད་ལ།སྨན་གྱི་རྒྱལ་པོ་སུང་སི་མའོ་ཡིས་ཀྱང“སྤྱོད་ལམ་མ་ལེགས་ན་འཆི་མེད་རིལ་བུ་བསྟེན་ཡང་ཚེ་ཐག་རིང་པོ་ཡོང་མི་ཐུབ་པ”གསལ་པོར་བསྟན་ཡོད།ཀྲུང་གོའི་ཟུངས་གསོ་ཆེད་མཁས་པས་ཀྱང“མི་ནི་ལེགས་འཛོམས་ཀྱི་ཚོགས་སྤྱི་ཞིག་ཡིན་ལ།ཀུན་སྤྱོད་ཡག་པའི་མིའི་སེམས་ཁམས་ནི་ནམ་ཡང་སྙོམས་པོ་དང་བདེ་ཐང་ཡིན་པས།ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བར་ཕན”ཞེས་བསྟན་ཡོད།
        དེང་རབས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཁྲོད་དུའང་ཀུན་སྤྱོད་ཀྱིས་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་པ་ར་སྤྲོད་བྱུང་ཡོད།ཨ་མེ་རི་ཁའི་ཡེ་ལུའུ་སློབ་ཆེན་གྱི་ཞིབ་འཇུག་པས་མི་ཚོགས་མང་པོར་ཡུན་རིང་གི་གསོ་རིག་བརྟག་དཔྱད་བྱས་པ་ལས་ཤེས་པ་ལྟར་ན།རྒྱུན་དུ་མི་གཞན་ལ་ཕན་སེམས་བཅངས་མཁན་གྱི་མིའི་ཚེ་ཐག་མངོན་གསལ་གྱིས་རིང་བ་དང་།པ་ཞིའི་གསོ་བ་རིག་པས་ཚེ་ཐག་རིང་བའི་རྒན་པ་རྣམས་ལ་ཡུན་རིང་ཞིབ་འཇུག་བྱས་པ་ལྟར་ན།ཚེ་ཐག་རིང་བའི་རྒན་པའི་ཁྲོད90%ནི་ཀུན་སྤྱོད་བཟང་ཞིང་མཚན་སྙན་གྲགས་རྒྱས་པ་དག་རེད།
        ཀུན་སྤྱོད་དང་བདེ་ཐང་གི་བར་འབྲེལ་བ་དེ་འདྲའི་ཟབ་མོ་ཞིག་ཡོད་དོན་ཅི་ཡིན་ཞེ་ན།ཐོག་མར་ཀུན་སྤྱོད་ལ་གོ་བ་ཟབ་མོ་ལེན་པ་དང་།དེ་དང་མིའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་པ་ཤེས་དགོས།ཀུན་སྤྱོད་ཅེས་པ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འདུ་ཤེས་ཆགས་སྟངས་གལ་ཆེན་ཞིག་ཡིན་ལ།དེ་ནི་དཔལ་འབྱོར་གྱི་རྨང་གཞིས་ཐག་བཅད་པ་དང་།ལེགས་ཉེས་གདེང་འཇོག་གི་རྣམ་པས་སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་སྲོལ་རྒྱུན་གྱི་གོམས་སྲོལ།ནང་སེམས་ཀྱི་དད་མོས་བཅས་ལ་བརྟེན་ནས་མི་དང་མིའི་བར་གྱི་འདུ་ཤེས་སྙོམས་སྒྲིག་བྱེད་པའི་སེམས་ཁམས་ཀྱི་འདུ་ཤེས་ཤིག་དང་རྩ་དོན་གྱི་ཚད་གཞི་ཞིག་རེད།
        མིའི་རིགས་ཀྱི་སྤྱི་ཚོགས་བྱ་འགུལ་ཡོད་ཚད་རེ་འདོད་ལས་བྱུང་བ་ལས་དཔྱོད་ཤེས་ལས་བྱུང་བ་ཞིག་མིན་པ་ང་ཚོས་གསལ་པོར་ཤེས་མོད། འོན་ཀྱང་རེ་འདོད་ལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་རྒྱུ་མེད། དཔྱོད་ཤེས་ནི་དེ་ལས་ལྡོག་སྟེ། དེས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པ་ལས་བྱ་འགུལ་བསྐྱེད་པ་མིན། ཀུན་སྤྱོད་ཅེས་པ་ནི་དེ་གཉིས་གཅིག་ཏུ་འདུས་པ་ཞིག་ཡིན་པས། ཀུན་སྤྱོད་ཡག་པའི་མི་ཞིག་ཡིན་ན་མི་ཆ་ཚང་བ་དང་ཡང་དག་པ་ཞིག་ཡིན་ལ། དཔྱོད་ཤེས་དང་རེ་འདོད་མཉམ་འདུས་ཀྱི་མི་ཞིག་ཡིན་པས། མི་དེའི་རིགས་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཤེས་པ་དང་། སེམས་ཁམས་སྙོམས་ཤིང་ཁོག་རྒྱ་ཡངས་ལ། སེམས་སུ་སྡུག་བསྔལ་དང་ནོངས་འགྱོད་གང་ཡང་མེད།
        དེང་རབས་གསོ་རིག་གི་ཞིབ་འཇུག་ལས་ཤེས་པ་ལྟར་ན།ཀུན་སྤྱོད་ཡག་པའི་མིས་ལུས་པོར་ཕན་པའི་སྐུལ་རྩི་དང་རྩབས་རིགས། ཁ་ཤན་མཁྲིས་བུལ་སོགས་ཟགས་ཐོན་བྱེད་སླ་ཞིང་།དངོས་པོ་དེ་དག་གིས་ཁྲག་རྒྱུན་འཁོར་རྒྱུག་དང་དབང་རྩའི་ཕྲ་ཕུང་སོགས་ལ་ངར་སློང་ཐུབ།དུས་མཚུངས་སུ་ད་རུང་ཀླད་པས་རང་བྱུང་གི་ལྷོད་འཇགས་རྫས་ཟགས་ཐོན་བྱེད་པར་སྐུལ་འདེད་བཏང་སྟེ་སྡུག་བསྔལ་མེད་པར་བཟོ་ཐུབ་པ་རེད།དེ་བས་མི་དེའི་རིགས་ཀྱི་རང་སྟེང་གི་རིམས་འགོག་ནུས་པ་རང་བཞིན་གྱིས་ཇེ་དྲག་ཏུ་སོང་སྟེ་ལུས་ཕུང་བདེ་ཐང་དང་ཚེ་ཐག་རིང་པོ་ཡོང་བར་ཕན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1