གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༢ཉིན།

ཀྲུང་གོའི་ཚན་རིག་གླིང་གི་ཚན་རིག་ཞིབ་འཇུག་པས་ཧི་མ་ལ་ཡ་རི་རྒྱུད་ཀྱི་གནོད་ཐེབས་འབྲེལ་ཐག་ལ་རྟོག་ཞིབ་བྱས།



པར་འདི་ནི་ཟླ9བའི་ཚེས7ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རི་ཉིལ་ཁུལ་ཞིག་ཏུ་ཀྲུང་གོའི་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་གདན་ཞུས་དགེ་རྒན་ཆེན་མོ་ལི་ཡུས་ཧྲེང(གཡོན་གཉིས)དང་ན་གཞོན་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་ས་གཤིས་གནོད་འཚེའི་གནད་དོན་ལ་དབྱེ་ཞིབ་བྱེད་བཞིན་པའི་རྣམ་པ་རེད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོའི་ཚན་རིག་གླིང་གི་ཚན་རིག་ཞིབ་འཇུག་པ8ཀྱིས་ཉིན28རིང་ཧི་མ་ལ་ཡ་རི་རྒྱུད་ཀྱི་གནོད་ཐེབས་འབྲེལ་ཐག་ལ་རྟོག་ཞིབ་བྱས། ཕྱི་ཡུལ་གྱི་རྟོག་ཞིབ་བྱ་བ་མཇུག་རྫོགས་རྗེས་ཚན་རིག་པས་ཟླ་ཤས་རིང་དངོས་བཤེར་ཁང་དུ་དངོས་དཔེ་དབྱེ་ཞིབ་དང་གཞི་གྲངས་ཐག་གཅོད་བྱས་ནས་སྙན་སེང་ཞུ་ཡིག་འབྲི་རྒྱུ་རེད། 
        མཚོ་བོད་མཐོ་སྒང་དང་ཧི་མ་ལ་ཡ་རི་རྒྱུད་ནི་རང་རྒྱལ་གྱི་ས་ཡོམ་དང་འདམ་རྡོའི་ཆུ་རུད། གས་རྡིབ། རི་ཉིལ་བ། འཁྱག་མཚེའུ་ཡི་ཆུ་ཤོར་བ་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་བྱུང་སའི་ས་ཁུལ་ཞིག་རེད། ཐེངས་འདིར་གནོད་འཚེའི་འབྲེལ་ཐག་ལ་ཚན་རིག་རྟོག་ཞིབ་བྱེད་པ་དེས་ཕྱོགས་གཅིག་ནས་ས་གནས་དེ་གའི་བཟོ་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་འཆར་འགོད་བཟོ་བ་དང་ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་འབྲེལ་ཡོད་རིག་ཚན་ལ་རྨང་གཞི་ཅན་གྱི་གཞི་གྲངས་གལ་ཆེན་མཁོ་འདོན་བྱ་ཐུབ་པ་རེད། །



པར་འདི་ནི་ཟླ8པའི་ཚེས30ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཀྲུང་གོའི་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་གདན་ཞུས་དགེ་རྒན་ཆེན་མོ་ལི་ཡུས་ཧྲེང་གིས་ཆེ་ཤེལ་བཀོལ་ནས་བྲག་རྡོ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།



པར་འདི་ནི་ཟླ8པའི་ཚེས22ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཚན་རིག་པས་བྲག་རྡོ་ལ་ཚད་འཇལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།


པར་འདི་ནི་ཟླ8པའི་ཚེས27ཉིན་ཚན་རིག་པ་ཝང་ཧའོ་ཡིས་རི་འབུར་ལ་བར་ཐག་འཇལ་ཆས་བཀོལ་ནས་ཚད་འཇལ་བྱེད་བཞིན་པའི་ཚུལ་རེད།


པར་འདི་ནི་ཟླ8པའི་ཚེས21ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཚན་རིག་པས་ས་གཤིས་གནོད་འཚེ་ལ་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད།


པར་འདི་ནི་ཟླ8པའི་ཚེས27ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་རི་ཉིལ་ཁུལ་ཞིག་ཏུ་ཚན་རིག་པ་ཀའོ་ཅན་གྱིས་ཚན་རིག་ཚད་འཇལ་བྱེད་བཞིན་པའི་རྣམ་པ་རེད།


པར་འདི་ནི་ཟླ8པའི་ཚེས24ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཀྲུང་གོའི་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་གདན་ཞུས་དགེ་རྒན་ཆེན་མོ་ལི་ཡུས་ཧྲེང་དང་ན་གཞོན་རུ་མི་རྣམས་མཉམ་པར་ལེན་པའི་ཚུལ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1