གཙོ་ངོས།>> གནས་མཇལ།>>ཡུལ་སྐོར་ཟིན་བྲིས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༨ཉིན།

༄༅།།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

བོད་ཡུལ་ནི་ཆུ་ཀླུང་དང་མཚེའུ་མང་བའི་ས་ཆ་ཞིག་ཡིན་པ་དང་། ཡུལ་འདིའི་ཤར་ཕྱོགས་སུ་རྨ་ཆུ་དང་འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་དང་། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ། ནུབ་ཕྱོགས་སུ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་སོགས་ཡོད།

རྨ་ཆུ་རྒྱ་མཚོར་འབབ་པའི་བརྗིད་ཉམས།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

རྨ་ཁུགས་དང་པོ།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

རྨ་ཆའི་མགོ་ཁུངས།

རྨ་ཆུ་ནི་རང་རྒྱལ་གྱི་ཆུ་བོ་རིང་ཤོས་ཨང་གཉིས་པ་ཡིན་ལ། བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྟོང་རྨིས5464ཙམ་ཡོད་ལ་དེའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ75442ལྷག་ཡོད།

གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
འབྲི་ཆུའི་མགོ་ཁུངས།

གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

འབྲི་ཆུའི་ཁུགས་སོ་དང་པོ།

 འབྲི་ཆུ་ནི་རང་རྒྱལ་གྱི་ཆུ་ཆེན་ཆེས་རིང་ཤོས་ཡིན་ལ། གཙང་པོ་དེ་ནི་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་། བོད་ལྗོངས་དང་ཟི་ཁྲོན་གྱི་འབྲེལ་མཚམས་བརྒྱུད་དེ་མཐར་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ཁུལ་དུ་བཞུར། མཐར་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ཁུལ་བཅུ་གཅིག་ལྷག་བརྒྱུད་ཏེ་ཧྲང་ཧེ་རུ་ཏུང་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ6300ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི180ཙམ་ཟིན།

གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
རྗ་ཆུའི་འགག་འཕྲང་།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

རྗ་ཆུའི་ཟམ་ཆེན།

   རྗ་ཆུར་རྫ་ཆུ་དང་ངོམ་ཆུ་ཞེས་པའི་གཙང་ལག་གཉིས་ཡོད་པ་ལས་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་ཀྱི་རི་བོ་ཤྭ་ར་སྐྱ་ནས་འབབ། ངོམ་ཆུ་ནི་བོད་ལྗོངས་ཧོར་སྦྲ་ཆེན་རྫོང་ཁོངས་ཀྱི་ཝ་མོ་ལ་རྒྱུད་ནས་བབས་ཏེ་ཆབ་མདོ་གྲོང་བརྡལ་དུ་གོང་གསལ་རྫ་ཆུ་དང་ཟླ་འགྲིལ་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས། དེ་ནས་འབར་མ་དང་། ལའོ་བོ། ཐེ་གོ།  ཁམ་པོ་རྫ། ཡའོ་ནན་སོགས་རྒྱལ་ཁབ་བརྒྱུད་མཐར་ཀྲུང་གོའི་རྒྱ་མཚོ་ལྷོ་མར་འབབ། རྗ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ2179དང་འབབ་ཡུལ་གྱི་ས་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་ཁྲི16.4 ཙམ་ཟིན།

གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་མཛད་མཐའ་མེད།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

དཔྱིད་དུས་ཀྱི་རྒྱལ་མོ་རྔུལ་ཆུའི་ཡུལ་ལྗོངས།


 རྒྱལ་མོ་རྔུལ་ཆུ་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སོག དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་འབབ། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ3240ཡོད་པ་དང་བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ325.000ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས།

གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
ཡར་ཀླུང་གཙང་པོའི་རང་བྱུང་མཛེས་ལྗོངས།གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

ཡར་ཀླུང་གཙང་པོའི་འགག་འཕྲང་།

   ཡར་ཀླུང་གཙང་པོ་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ལ། གཡུ་འབྲུག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་བབས་རྗེས་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་འདྲ་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་རྒྱ་གར་དུ་འབབ་པ་དེར་གཙང་པོ་པུ་ལ་མ་བོ་ཐེ་ལ་ཟེར། དེ་ནས་བྷང་ག་ལ་བརྒྱུད་བྷང་ག་ལ་མཚོ་ཁུག་ཏུ་འབབ། ཡར་ཀླུང་གཙང་པོ་འདི་ས་དགའ་རྫོང་སོགས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1940དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི24.6དང་། སྤྱིའི་བཞུར་རྒྱུན་ལ་སྤྱི་ལེ2840དང་སྤྱིའི་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི93.5ལྷག་ཡོད། གཙང་པོའི་སྟོད་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ3950ཙམ་ཡོད་པས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1