གཙོ་ངོས།>> ཁྲིམས་ལུགས།>>རྒྱལ་ཁབ་བཅའ་ཁྲིམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༠༨ཉིན།

༄༅།།གན་རྒྱའི་དཔྱ་ཁྲལ་བཅའ་ཁྲིམས་གསར་དུ་བཀྲམས།

     ཟླ་9ཚེས་1ཉིན་ནས་བཟུང་། 《གན་རྒྱའི་དཔྱ་ཁྲལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དངོས་སུ་ལག་ལེན་བསྟར་རྒྱུ་ཡིན། ཁང་པ་ཉོ་བ་ལ་གན་རྒྱའི་ཁྲལ་ཐད་ཀྱི་ཐད་ནས་གཟིགས་སྐྱོང་ཡོད་དམ། ཁང་པ་ཉོ་བར་སྔར་བཞིན་ཁྲལ་གྱི་ཐད་ནས་གཟིགས་སྐྱོང་ཡོད། 
   གན་རྒྱའི་དཔྱ་ཁྲལ་བཅའ་ཁྲིམས་ལག་བསྟར་མ་བྱས་གོང་། ཁྲོམ་རར་གན་རྒྱའི་དཔྱ་ཁྲལ་གྱི་ཁྲལ་ཚད་མཐོ་རུ་གཏོང་བ་དང་། གཟིགས་སྐྱོང་མེད་པར་བཟོ་བ། ཁང་པ་ཉོ་བའི་མ་གནས་མཐོ་རུ་འགྱུར་བ་སོགས་ཀྱི་གཏམ་འཁྱར་བསྒྲགས་ཀྱང་དོན་དངོས་སུ་དེ་དག་ཚང་མ་དཀྲོག་གཏམ་ཡིན། 
   གང་ལགས་ཤེ་ན། ཁང་པ་ཉོས་པའི་གན་རྒྱའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་སྔར་བཞིན་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད་པ་ལས་མེད་པར་བཟོས་མེད། 
   ཉེ་ཆར། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གན་རྒྱའི་དཔྱ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱས་རྗེས་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཀྱི་འབྲེལ་མཐུད་གནད་དོན་སྐོར་གྱི་སྤྱི་བསྒྲགས་ལ་གཞིགས་ན། 《ས་ཁང་བདག་ཁོངས་ཉོ་ཚོང་ལྷུ་ཚིགས་ཀྱི་གན་རྒྱའི་དཔྱ་ཁྲལ་གྱི་གཉེར་སྐྱོང་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱི་བརྡ་ཐོ》ཡི་དོན་ཚན་དང་པོ་དང་གསུམ་པའི་ནང་གི་གན་རྒྱའི་དཔྱ་ཁྲལ་སྐོར་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་བཀོད་ཡོད། 
    མདོར་ན། མི་སྒེར་གྱིས་ཉོས་པའི་སྡོད་ཁང་གཅིག་པུ་སྟེ(ཁྱིམ་མིའི་ཁྱབ་ཁོངས་སུ་ཁང་པ་ཉོ་མཁན་དང་བཟའ་ཟླ། ལོ་ན་མ་སོན་པའི་བུ་ཕྲུག་བཅས་འདུས།)རྒྱ་ཁྱོན་སྨི་གྲུ་བཞི་མ་90མན་ཡིན་ན། ཁྲལ་ཚད་ཆག་ཡང་བཏང་ནས་1%ལྟར་གན་རྒྱའི་ཁྲལ་བསྡུ་རྒྱུ། རྒྱ་ཁྱོན་སྨི་གྲུ་བཞི་མ་90ཡན་ཡིན་ན་ཁྲལ་ཚད་ཆག་ཡང་བཏང་ནས་1.5%ལྟར་གན་རྒྱའི་དཔྱ་ཁྲལ་བསྡུ་རྒྱུ་རེད། 
   མི་སྒེར་གྱིས་ཁྱིམ་ཚང་གི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གཉིས་པ་ཉོས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་90དང་དེ་མན་ཡིན་རིགས་ལ་ཁྲལ་ཚད་ཆག་ཡང་བཏང་ནས་1%ལྟར་གན་རྒྱའི་ཁྲལ་བསྡུ་རྒྱུ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་90ཡན་ཡིན་ན་ཁྲལ་ཚད་ཆག་ཡང་བཏང་ནས་2%ལྟར་གན་རྒྱའི་དཔྱ་ཁྲལ་བསྡུ་རྒྱུ་རེད། (པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་ཀྱིས་གནས་སྐབས་སུ་གན་རྒྱའི་དཔྱ་ཁྲལ་འདིའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་མི་བྱེད།)
   སྤྱི་བསྒྲགས་ནང་ད་དུང་བཟའ་ཚང་ཁ་བྲལ་གྱི་ཐུན་མོང་རྒྱུ་ནོར་བགོ་བཤའ་བརྒྱབ་ནས་བྱུང་བའི་ཁྱོ་ཤུག་གི་ས་ཆ་དང་ཁང་པའི་བདག་དབང་ལ་འགྱུར་ལྡོག་ཕྱིན་ཚེ་གན་རྒྱའི་དཔྱ་ཁྲལ་མི་བསྡུ་བ་ཁ་གསལ་བཏོན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པས་གཏན་འབེབས་ལྟར་གཞུང་དབང་སྡོད་ཁང་ཐེངས་དང་པོར་ཉོས་ཚེ་གན་རྒྱའི་དཔྱ་ཁྲལ་མི་བསྡུ་རྒྱུ།  
དེར་བརྟེན། གན་རྒྱའི་དཔྱ་ཁྲལ་གྱི་ཁྲལ་ཚད་ཇེ་མཐོར་སོང་མེད་པ་མ་ཟད། ཁང་པ་ཉོས་པའི་གན་རྒྱའི་དཔྱ་ཁྲལ་གཟིགས་སྐྱོང་ཡང་མེད་པར་བཟོས་མེད་པས། མགོ་སྐོར་ལ་མི་ཐེབས་པར་གྱིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1