གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༢ཉིན།

ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོཌ་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།



ཟླ་10ཚེས་9ཉིན། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ།
     ■ འདི་ལོ་ནི་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པས་ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་སྐབས་གལ་ཆེན་འདིར་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེའི་སྔོན་བྱོན་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་དྲན་གསོ་ཞུ་བ་དེ་ནི་ཁོང་ཚོས་ཀྲུང་ཧྭ་དར་རྒྱས་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་ལྕག་དང་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན།
     ■ སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པ་ཚོས་ཀྲུང་ཧྭ་མི་རིགས་ཆེད་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་ནི་བསྐལ་བརྒྱར་བརྟན་པ་དང་། ལྕགས་ཕག་ལོའི་གསར་བརྗེའི་ནང་དཔའ་ངར་ཆེན་པོས་འབད་འཐབ་དང་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་གཏོང་མཁན་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་སྙན་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཡོད་ལ། ལྕགས་ཕག་ལོའི་གསར་བརྗེ་ནི་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འགྱིང་ངེར་གནས་པའི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་འདི་ལོ་ནི་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་སྐབས་གལ་ཆེན་འདིར་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེའི་སྔོན་བྱོན་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་དྲན་གསོ་ཞུ་བ་དེ་ནི་ཁོང་ཚོས་ཀྲུང་ཧྭ་དར་རྒྱས་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་ལྕག་དང་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
     མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་ཞིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་ཡོད་པ་དང་རྒྱབ་ཀྱི་ཡོལ་བའི་དཀྱིལ་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་བཀལ་ཡོད་ལ། གཞོགས་གཉིས་སུ་དར་དམར་བཅུ་བསླངས་པའི་ཐོག་གི“1911”དང“2021”ཡིག་འབྲུ་དེ་བས་མངོན་གསལ་དོད་པོ་ཡོད།
     སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེན་གྱི་མི་རིགས་ཀྱི་དཔའ་བོ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་བཅས་རེད། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པ་ཚོས་ཀྲུང་ཧྭ་མི་རིགས་ཆེད་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་ནི་བསྐལ་བརྒྱར་བརྟན་པ་དང་། ལྕགས་ཕག་ལོའི་གསར་བརྗེའི་ནང་དཔའ་ངར་ཆེན་པོས་འབད་འཐབ་དང་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་གཏོང་མཁན་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་སྙན་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཡོད་ལ། ལྕགས་ཕག་ལོའི་གསར་བརྗེ་ནི་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འགྱིང་ངེར་གནས་པའི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་། ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་མཁན། ལྷག་བསམ་ཟོལ་མེད་ངང་རྒྱུན་འཛིན་བྱེད་མཁན་བཅས་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པའི་ཕུགས་འདུན་རླབས་པོ་ཆེ་རྒྱུན་ཆད་མེད་པར་མངོན་འགྱུར་དང་འཕེལ་རྒྱས་བཏང་ཡོད། ཀྲུང་ཧྭ་དར་རྒྱས་གཏོང་བའི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཕུགས་འདུན་ཟབ་མོ་དང་། ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པ་ཚོས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལ་བཅངས་པའི་རེ་སྨོན་བཟང་པོ། ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་རྨི་ལམ་དུའང་ཐོབ་རེ་བྱེད་པ་དང་དེའི་དོན་དུ་འབད་འཐབ་བྱེད་པའི་ཕུགས་འདུན་རླབས་པོ་ཆེ་བཅས་མངོན་འགྱུར་བྱུང་བའམ་ཡང་ན་མངོན་འགྱུར་བྱུང་བཞིན་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཆ་ཡུན་རིང་འབད་འཐབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འཛོམས་ཡོད། ང་ཚོས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱས་ཏེ་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ལོ་རྒྱུས་ཀྱི་འགན་འཁྲི་མུ་མཐུད་འཁུར་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར། ངེས་པར་དུ་ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་ལ་འགོ་ཁྲིད་བྱེད་པའི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཡོད་དགོས་པ་དང་སྲ་ཞིང་བརྟན་པའི་སྟོབས་ཤུགས་དེ་ནི་ཀྲུང་གོ་གུང་ཁྲན་ཏང་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ལོ་རྒྱུས་ཀྱི་གདམ་ག་དང་། མི་དམངས་ཀྱི་གདམ་ག ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་སྒྲིལ་ས་བཅས་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་ཏང་གིས་སྤྱི་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གིས་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་འགྲོ་ལམ་ནི་ཆེས་རྩ་བའི་གནད་དོན་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡང་དག་འགྲོ་ལམ་འབའ་ཞིག་དེ་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོ་མི་དམངས་རང་ཉིད་ཀྱི་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ངེས་པར་དུ་ཕྱར་བ་གྲུ་འདེགས་བྱས་ཏེ་མཐུན་སྒྲིལ་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་བརྟན་ལྷིང་མཐུན་སྒྲིལ་གྱི་རྒྱལ་ནང་གི་ཁོར་ཡུག་ཡོད་དགོས་ལ། ཞི་བདེ་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་ཀྱང་ཡོད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐའེ་དབན་གྱི་གནད་དོན་དེ་མི་རིགས་ཉམས་ཞན་ཟང་ཟིང་ལས་ཐོན་པ་ཞིག་ཡིན་པས་མི་རིགས་བསྐྱར་དར་དང་བསྟུན་ནས་ཐག་གཅོད་བྱེད་ངེས་ཡིན། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་འཕེལ་ཕྱོགས་ཆེན་པོས་གཏན་འཁེལ་བྱས་པ་ཞིག་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདོད་བློ་ཡང་ཡིན། ཞི་བའི་བྱེད་ཐབས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་མཐུན་ཡོད། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་ངེས་པར་དུ་མངོན་འགྱུར་བྱ་དགོས་ལ་མངོན་འགྱུར་ཡང་བྱེད་ཐུབ་ངེས་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཉེ་རབས་ཚུན་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་སྐྱེ་བོ་ཀུན་ཧང་སངས་དགོས་པའི་རླབས་ཆེན་གྲུབ་འབྲས་བཏོད་དེ་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་གཟི་བརྗིད་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན། ངས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སོགས་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ལག་གདང་སྦྲེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་ཕྱོགས་སུ་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན།
     དབང་དབྱང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་གནད་ལ་འཁེལ་བ་དང་དགོངས་པ་གཏིང་ཟབ་པས་ལྕགས་ཕག་ལོའི་གསར་བརྗེའི་ལོ་རྒྱུས་ཀྱི་མཛད་རྗེས་དང་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་རྒྱུན་འཛིན་དང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་ཚུན་གྱི་ལོ་རྒྱུས་ཀྱི་བློ་འབྱེད་རྒྱས་བཤད་གཏིང་ཟབ་གནང་བ། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་མཐའ་གཅིག་ཏུ་འགོག་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་བློ་སྟོབས་བཅས་ནན་པོས་བསྟན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལྕགས་ཕག་ལོའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

ཟླ་10ཚེས་9ཉིན། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1