གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༣ཉིན།

དཀར་མཛེས་ཁུལ་དུ་ས་ཚིགས་གསར་པ་ཞིག་བཙུགས་འདུག


     སྤྱི་ཟླ་10པའི་ཚེས་9ཉིན། སི་ཁྲོན་ཤེས་བྱའི་ཐོན་དབང་རྒྱང་ཁྲིད་སློབ་གསོའི་དཀར་མཛེས་ཡན་ལག་ས་ཚིགས་དེ་སི་ཁྲོན་མི་རིགས་སློབ་གླིང་དུ་སྒོ་བྱང་བཀལ་ནས་དབུ་བརྙེས་པ་རེད། དེ་ལས་མིག་སྔར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་དུ་ཤེས་བྱའི་ཐོན་དབང་རྒྱང་ཁྲིད་སློབ་གསོའི་ཡན་ལག་ས་ཚིགས་དང་། དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཐོག་གི་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་ས་ཚིགས་དང་པོ་དངོས་སུ་དབུ་བརྙེས་པ་མཚོན་ཡོད། དེ་ནི་ཤེས་བྱའི་ཐོན་དབང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་དངོས་གཉེར་བྱ་ཐབས་ཤིག་ཡིན་ལ། དཀར་མཛེས་ཁུལ་ཡོངས་ཀྱི་ཤེས་བྱའི་ཐོན་དབང་འཛུགས་སྐྱོང་ལོ་རྒྱུས་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
     ཀྲུང་གོའི་ཤེས་བྱའི་ཐོན་དབང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་སུན་ཝེ་དང་། སི་ཁྲོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཞབས་ཞུ་སྐུལ་འདེད་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི། སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུད་ཀྲང་གཞོན་པ་ཀྲའོ་ཧུའེ། སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་ཚུའེ་ཡུས་ཧྥང་བཅས་སྒོ་བྱང་བཀལ་བའི་མཛད་སྒོའི་ནང་ཞུགས་པ་དང་། དཀར་མཛེས་ཁུལ་ཨུད་ཀྱི་རྒྱུན་ཨུད། དཀར་མཛེས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཏེང་ལི་ཅུན་མཛད་སྒོའི་ནང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།
     སུན་ཝེ་ཡིས་སི་ཁྲོན་ཤེས་བྱའི་ཐོན་དབང་རྒྱང་ཁྲིད་སློབ་གསོའི་དཀར་མཛེས་ཡན་ལག་ས་ཚིགས་དེས་ས་གནས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཐོག ཤེས་བྱའི་ཐོན་དབང་གི་མདུན་སྐྱོད་ལྔའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་ངོས་དང་འཚམ་པའི་རྒྱང་གཏོང་སློབ་ཁྲིད་སྤེལ་བ། ཤེས་བྱའི་ཐོན་དབང་གི་ཆེད་ལས་གཞུང་ལུགས་དང་དངོས་རྫས་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས། རང་ས་ཁུལ་གྱི་ཤེས་བྱའི་ཐོན་དབང་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལམ་ལུགས་ཀྱིས་ས་ཁུལ་གོང་འཕེལ་འཛུགས་སྐྱོང་གི་ཐད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

     ཏེང་ལི་ཅུན་གྱིས་དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་སི་ཁྲོན་ཤེས་བྱའི་ཐོན་དབང་རྒྱང་ཁྲིད་སློབ་གསོའི་དཀར་མཛེས་ཡན་ལག་ས་ཚིགས་དབུ་བརྙེས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་བྱའི་ཐོན་དབང་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚོང་རྟགས་ཞིང་ཕྱུགས་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་ས་ཁུལ་གྱི་ཚོང་རྟགས་67ཐོབ་པ་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དྭངས་གཙང་དཀར་མཛེས་ཞེས་པའི་ཚོང་རྟགས་དེ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལེགས་ཤོས་བཅུའི་གྲས་སུ་ཚུད་པ་དང་། དབང་བཅོལ་ཚོང་རྟགས་བེད་སྤྱོད་བྱེད་པའི་ཁེ་ལས་40ཟིན་ཞིང་། ཚོང་རྫས་103ཟིན་པ། ཁྱད་ལྡན་ཐོན་རྫས་འབོར་ཆེན་སི་ཁྲོན་དང་རྒྱལ་ཡོངས་ཀྱི་ཁྲོམ་རར་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཞང་ཀང་དང་ཨའོ་མོན། དེ་བཞིན་རྒྱལ་སྤྱིའི་ཁྲོམ་རར་ཡང་ཕྱིར་འཚོང་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

     མཛད་སྒོའི་ཡུལ་དངོས་སུ། དཀར་མཛེས་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་དང་སི་ཁྲོན་མི་རིགས་སློབ་གླིང་གཉིས་ཀྱིས་ཤེས་བྱའི་ཐོན་དབང་འཐབ་ཇུས་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་ཡོད་པ་དང་། ཀྲུང་གོའི་ཤེས་བྱའི་ཐོན་དབང་གསོ་སྦྱོང་ལྟེ་གནས། སི་ཁྲོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཞབས་ཞུ་སྐུལ་འདེད་ལྟེ་གནས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་མི་སྣ་དང་། དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། སི་ཁྲོན་མི་རིགས་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་དང་ཁྲིམས་ལུགས་རིག་པའི་སློབ་གླིང་གི་དགེ་སློབ་ཁག་གཅིག་བཅས་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1