གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༤ཉིན།

༄༅།།འདུས་འདྲིལ་གློ་གཅོང་ཇི་ལྟར་སྔོན་འགོག་བྱེད་དགོས།

འགོས་ནད་རང་བཞིན་གྱི་གློ་གཅོང་ནད་པ་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་བྱེད་དགོས།

འདི་ནི་འདུས་འདྲིལ་གློ་གཅོང་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་རེད། འདུས་འདྲིལ་གློ་གཅོང་ནད་པའམ། ལྷག་པར་དུ་སྲིན་བུ་ཕྱིར་གཏོང་ཅན་གྱི་འདུས་འདྲིལ་གློ་གཅོང་ནད་པ་ནི་འདུས་འདྲིལ་གཅོང་ནད་འགོས་པའི་མགོ་ཁུངས་གཙོ་བོ་རེད། དེའི་ཕྱིར། འདུས་འདྲིལ་གློ་གཅོང་ནད་ཕོག་པའི་ནད་པར་སྔ་མོ་ནས་ལུགས་མཐུན་གྱིས་སྨན་བཅོས་བཟང་པོ་བྱས་ཏེ། སྲིན་བུ་ཕྱིར་གཏོང་མི་བྱེད་པ་དང་། འདུས་འདྲིལ་སྲིན་བུ་མཆེད་པ་མགོ་ཁུངས་ནས་ཚོད་འཛིན་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། དུས་མཚུངས་སུ། ལོགས་སུ་བཀར་ཏེ་འགོས་ནད་དང་འབྲེལ་འདྲིས་ཉུང་བར་བྱེད་དགོས། སྲིན་བུ་ཕྱིར་གཏོང་ཅན་གྱི་འདུས་འདྲིལ་ནད་པ་རྣམས་མི་མང་འདུ་ས་དང་།འདུ་འཛི་ཆེ་བའི་ར་བའམ་བྱ་འགུལ་ལ་ཞུགས་མི་རུང་།

རྒྱུན་པར་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་དང་དུག་སེལ་དང་ལོགས་བཀར་ལེགས་པོ་བྱས་ནས། འདུས་འདྲིལ་སྲིན་བུ་མཆེད་པར་གཡོལ་དགོས།

འདུས་འདྲིལ་སྲིན་བུའི་འགོ་ལམ་ཚར་གཅོད་པར་སྣང་ཆུང་བྱེད་མི་རུང་། འདུས་འདྲིལ་གློ་གཅོང་ནད་པས་མི་གཞན་དང་ཁ་གཏད་དུ་གློ་ལུ་བ་དང་ཧབ་སྦྲིད་བརྒྱག་མི་རུང་བ་དང་། ལག་ཕྱི་དང་ཡང་ན་ལག་པས་ཁ་སྣ་བསུབས་ནས་སྲིན་བུའི་ཟེགས་མ་མཆེད་པ་སྔོན་འགོག་བྱེད་དགོས། ཁ་ལུད་གང་སར་མི་འདོར་བར་ལུད་ཕོར་ནང་དོར་རྗེས་དུག་སེལ་བྱེད་དགོས།

སྲིན་བུ་ཕྱིར་གཏོང་འདུས་འདྲིལ་གློ་གཅོང་ནད་ཕོག་པའི་ནད་པ་དང་འབྲེལ་འདྲིས་མི་བྱེད་པ།

ཁྱིམ་དུ་འགོས་ཚབས་ཆེ་བའི་སྲིན་བུ་ཕྱིར་གཏོང་ཅན་གྱི་འདུས་འདྲིལ་གློ་གཅོང་ནད་པ་ཡོད་པའི་སྐབས་སུ། ནད་པ་ལོགས་སུ་བཀར་ནས་ཉལ་དུ་འཇུག་པ་དང་། གལ་ཏེ་ལོགས་དགར་གྱི་ཆ་རྐྱེན་མི་འཛོམས་པ་ཞིག་ཡིན་ན། ཉལ་ས་ཁ་ཁ་བྱེད་དགོས། སྡོད་ཁང་དུ་རྒྱུན་པར་རླུང་རྒྱུ་རུ་འཇུག་པ་དང་། ནད་པས་བཀོལ་སྤྱོད་བྱས་པའི་ཅ་ལག་ལ་རྒྱུན་པར་དུག་སེལ་གཙང་བཀྲུ་བྱེད་ཅིང་། རྒྱུན་པར་ཉལ་ཐུལ་ཉི་མར་ལྡེ་དགོས། དེ་ལས་གཞན། ཟ་མ་སོ་སོར་དགར་ནས་ཟོས་ཏེ་འཇུ་ལམ་བརྒྱུད་ནས་སྲིན་བུ་མཆེད་པར་ངེས་པར་གཟབ་གཟབ་བྱེད་པ་དང་། ནད་པའི་ཟས་སྣོད་ལོགས་སུ་བཀར་ནས་རྒྱུན་པར་དུག་སེལ་བྱེད་དགོས། སྤྱིར་བཏང་དུ་ཆུ་ཁོལ་ནང་དུས་ཚོད་སྐར་མ20རིང་སྦངས་ན་དུག་སེལ་གྱི་ནུས་པ་ཐོན་གྱིན་ཡོད།

ལུས་པོའི་རིམས་འགོག་ནུས་ཤུགས་ཆེ་རུ་བཏང་ནས་འགོ་ནད་སྔོན་འགོག་བྱེད་པ།

བཟའ་བཏུང་སྙོམ་སྒྲིག་བྱེད་པ་དང་ལུས་ཕུང་སྦྱོང་བརྡར། གཟུགས་གཞི་བདེ་ཐང་ཡོང་བར་བྱེད་པ་ལས་གཞན། བྱིས་པ་དམར་རྗེན་ལ་འགོག་སྨན་བརྒྱབ་ནས། ལུས་པོར་འདུས་འདྲིལ་སྲིན་བུའི་རིམས་འགོག་ནུས་ཤུགས་ཐོན་དུ་བཅུག་ཚེ། བྱིས་པར་འདུས་འདྲིལ་གློ་གཅོང་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ་པར་མ་ཟད། ད་དུང་འབྲུ་རྡོག་རང་བཞིན་གྱི་འདུས་འདྲིལ་དང་འདུས་འདྲིལ་རང་བཞིན་གྱི་ཀླད་པའི་གཉན་ཚད་སྔོན་འགོག་བྱེད་པར་ཕན་འབྲས་མངོན་གསལ་ཐོན་ཐུབ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1