གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༨ཉིན།

༄༅།། གང་བྱུང་དུ་གནམ་ཁབ་རྒྱག་མི་རུང་།


འཇིགས་མེད་ཀྱིས་བསྡུ་སྒྲིག་བྱས།
        ངས་རང་ཉིད་ཀྱི་འབད་འབུངས་ལ་བརྟེན་ནས་བརྟན་འཇགས་ཀྱི་བྱ་བ་ཞིག་རེག་མ་ཐག །རྫོང་ཐོག་ཏུ་ཆེ་ཆུང་ལ་སྨི་གྲུ་བཞི་མ་100ལྷག་ཡོད་པའི་ཁང་པ་གསར་པ་ཞིག་ཉོས་རྗེས། ལོ་གཉིས་ལ་ཁང་པར་མཛེས་བཟོ་བྱེད་པ་ཕར་ཞོག་ཐ་ན་ནང་དུ་གོམ་པ་ཞིག་ཀྱང་མ་སྤོས་ཟེར་ན་ལབ་ཡིན་མོད། འོན་ཀྱང་ད་བར་དུ་ཁང་པའི་ནང་མི་གཅིག་ཀྱང་བསྡད་མ་མྱོང་། ཉིན་འགའི་སྔོན་དུ། གཞིས་ཁུལ་དོ་དམ་སྡེ་ཁག་གིས་ང་ལ་ཁ་པར་ཡོང་སྟེ་བཤད་དོན། ཁྱོད་ཀྱི་ཁང་པའི་ནང་གི་ཆུའི་སྦུ་གུ་བཀད་དེ་ཁྱིམ་ཚང་འོག་མའི་ཁང་པར་བཙོག་བཟོ་བྱས་པས་དེར་ངས་འགན་འཁུར་དགོས་ཟེར། ཡིན་ན་ཡང་ངས་ཁང་པ་དེ་ནི་དུས་ཡུན་རིང་པོར་ཁང་སྟོང་དུ་བསྐྱུར་པ་ཡིན། དེ་བས་འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་འདི་འདྲའི་གནས་ཚུལ་འོག་ཏུ་ངས་འགན་འཁུར་དགོས་སམ། །
        འདིར་ཁྱོད་ལ་བསམ་ཚུལ་ཞིག་གདོན་རྒྱུ་ནི་ཆུ་ཇི་ལྟར་ཤོར་བའི་རྐྱེན་གསལ་པོ་བྱས་ན་བཟང་ཞིང་། རང་རྒྱལ་གྱི《བཟོ་སྐྲུན་འཛུགས་སྐྲུན་གྱི་རྒྱུ་སྤུས་དོ་དམ་སྲོལ་ཡིག》གི་དོན་ཚན་40པའི་གཏན་འཁེལ་ལྟར་ན། རྒྱུན་ལྡན་གྱི་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་འོག །བཟོ་སྐྲུན་འཛུགས་སྐྲུན་གྱི་ཆེས་མ་མཐའི་འགན་ལེན་ཞིག་གསོའི་དུས་ཚད་ནི།

1.རྨང་གཞིའི་སྒྲིག་ཆས་བཟོ་སྐྲུན་དང་ཁང་པ་འཛུགས་སྐྲུན་གྱི་རྩིག་གཞིའི་བཟོ་སྐྲུན། གྲུབ་ཚུལ་གཙོ་བོའི་བཟོ་སྐྲུན་བཅས་ཀྱི་འགན་ལེན་ཞིག་གསོའི་དུས་ཚད་ནི། དེར་ཇུས་འགོད་བྱས་ཡོད་པའི་ཡིག་ཆའི་གཏན་འཁེལ་གྱི་བཟོ་སྐྲུན་དེའི་འོས་འཚམ་བཀོལ་སྤྱོད་བྱེད་པའི་ལོ་ཚད་ཡིན།
2.ཁང་པའི་ཆུ་འགོག་གི་བཟོ་སྐྲུན་དང་ཆུ་འགོག་རེ་བ་བཏོན་ཡོད་པའི་གཙང་སྤྱོད་ཁང་། ཁང་མིག་དང་ཕྱིའི་གྱང་ངོས་བཅས་ཀྱི་ཆུ་འགོག་པའི་ལོ་ཚད་ནི་ལོ་5ཡིན།
3.དྲོད་གཏོང་བ་དང་ཆུ་མཁོ་འདོན་བྱེད་པའི་མ་ལག་ནི་དྲོད་གཏོང་བ་དང་ཆུ་མཁོ་འདོན་བྱེད་པའི་དུས་ཚད་ཡིན།
4.གློག་ཤུགས་ཀྱི་སྦུག་སྐུད་དང་བཙོག་ཆུ་འཕོ་སའི་སྦུག་ལམ། སྒྲིག་ཆས་སྒྲིག་པ། མཛེས་བཟོའི་བཟོ་སྐྲུན་བཅས་ཀྱི་ལོ་ཚད་ནི་ལོ་2ཡིན། གཞན་པའི་ལས་གཞིའི་འགན་ལེན་ཞིག་གསོའི་དུས་ཚད་ནི་འགན་གཙང་སྤྲོད་མཁན་དང་འགན་གཙང་ལེན་མཁན་གཉིས་ཀྱིས་ཁ་ཆད་འཇོག་དགོས། བཟོ་སྐྲུན་འཛུགས་སྐྲུན་གྱི་འགན་ལེན་ཞིག་གསོའི་དུས་ཚད་ནི་བཟོ་སྐྲུན་ལེགས་འགྲུབ་བྱུང་སྟེ་ཞིབ་བཤེར་བྱས་པའི་ཉིན་ནས་བཟུང་བརྩི་དགོས་ཞེས་བཀོད་ཡོད།
        དེར་བརྟེན། གལ་ཏེ་ཁང་པའི་ནང་གི་ཆུའི་སྦུ་གུ་བཀད་པ་ནི་ཁང་འཚོང་གསར་སྤེལ་སྤྱི་གཉེར་ཁང་གིས་ཁང་པ་སྤྲད་པའི་རྒྱུ་སྤུས་ཀྱི་གནད་དོན་ཡིན་ན། དེའི་གྱོང་གུད་ནི་ཁང་འཚོང་གསར་སྤེལ་སྤྱི་གཉེར་ཁང་གིས་འཁུར་དགོས་ཤིང་། ཡིན་ན་ཡང་གལ་སྲིད་དེ་ནི་རང་ཉིད་ཀྱིས་མཛེས་བཟོ་བྱས་པའི་རྒྱུ་སྤུས་སོགས་ལ་གནད་དོན་བྱུང་སྟེ་སྦུ་གུ་བཀད་པ་ཡིན་ན། རང་རྒྱལ་གྱི《 དམངས་དོན་ཁྲིམས་གཞུང་།》གི་གཏན་འཁེལ་ལྟར་ན། རང་ཉིད་ཀྱིས་གཞན་གྱི་ཁང་པར་གྱོང་གུད་བཟོས་པར་སྐྱིན་ཚབ་འཇལ་རྗེས། མཛེས་བཟོའི་གན་རྒྱའི་ཁ་ཆད་གཞིར་བཟུང་སྟེ་མཛེས་བཟོ་སྤྱི་གཉེར་ཁང་གིས་སྐྱིན་ཚབ་གཞལ་དུ་འཇོག་དགོས། གལ་ཏེ་མཛེས་བཟོ་བྱས་པ་ནི་འགན་ལེན་ཞིག་གསོའི་དུས་ཚད་ལས་བརྒལ་ཡོད་ན། དེའི་གྱོང་གུད་ཁྱོད་ཀྱིས་འགན་འཁུར་དགོས་སོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1