གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༡༡ཚེས་༡༣ཉིན།

རྔ་བ་ཁུལ་གྱི་བརྙན་ཕྲན་ལ་སྐབས་གསུམ་པའི་ཨེ་ཤ་ཡ་གླིང་གི་བརྙན་ཕྲན་སྒྱུ་རྩལ་དུས་ཆེན་དུ་བྱ་དགའ་ཐོབ།

        སྤྱི་ཟླ་10པར། རྔ་བ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་པར་ལེན་ཕབ་སྐྲུན་བྱས་པའི་བརྙན་ཕྲན་《བུ་མོ་ཡག་མོ།》ལ་ཧྭ་ཤར་ཞིང་ཆེན་དྲུག་དང་གྲོང་ཁྱེར་གཅིག རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་བརྙན་ཕྲན་བརྩམས་ཆོས་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 

       《བུ་མོ་ཡག་མོ།》ཞེས་པའི་བརྙན་ཕྲན་དེར་རྔ་བ་ཁུལ་གྱི་ཁྱད་འཕགས་སྒེག་ཉམས་དོད་པ་དང་། ཅུང་དྲག་པའི་གཏམ་རྒྱུད་རང་བཞིན་དང་སྒྱུ་རྩལ་རང་བཞིན་མངོན་པས་དཔྱད་འདེམས་པའི་བརྩི་འཇོག་དང་ཁས་ལེན་ཐོབ། བརྙན་ཕྲན་དེ་འགྲན་ཞུགས་བརྩམས་ཆོས་2500ཡི་ཁྲོད་ནས་འབུར་ཏུ་ཐོན་ཞིང་། བརྙན་ཕྲན་བརྩམས་ཆོས་170ཡི་ལྷན་དུ་གསེར་གྱི་མངར་འབྲས་ཞེས་པའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།

        ཨེ་ཤ་ཡ་གླིང་བརྙན་ཕྲན་དུས་ཆེན་གྱི་རྩ་འཛུགས་ཨུ་ལྷན་གྱིས་གདན་འདྲེན་བྱས་པ་ལྟར། གློག་བརྙན་དེའི་གཙོ་འགན་མི་སྣ་ཡུན་ནན་ལིན་ཚང་གི་སྐབས་གསུམ་པའི་ཨེ་ཤ་ཡ་གླིང་བརྙན་ཕྲན་སྒྱུ་རྩལ་དུས་ཆེན་གྱི་སྒོ་འབྱེད་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་དང་བྱ་དགའ་གནང་བའི་དགོངས་ཚོགས་སུ་ཞུགས། བརྩམས་ཆོས་དེར་རྒྱུན་ཆགས་ཏེ་བྱ་དགའ་ཐོབ་པ་ནི་རྔ་བ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་བརྩམས་ཆོས་ཀྱི་སྤྱི་ཚོགས་ཀྱི་ཡིད་དབང་འགུག་ཤུགས་དང་བག་ཆགས་འཇོག་ནུས་གོམ་གང་མདུན་སྤོས་སྒོས་མཐོ་རུ་འདེགས་པའི་ནུས་ལྡན་དཔང་རྟགས་ཡིན་ཞིང་། རྔ་བ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་གྱི་ལས་བྱེད་མི་སྣས་སྔར་ལས་ལྷག་པའི་སྒོས་ཁུར་སེམས་དང་ལས་ཀའི་སྤོབས་སེམས་བསྐྱེད་དེ་ཕུལ་བྱུང་བརྩམས་ཆོས་གང་མང་བསྐྲུན་ངེས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1